e-texts navigator
Collection
Volume
Page
Wylie

259a1 སྣང་བའི་མཚན་ཉིད་ཤེས་པས་ལྡོག། ཉོན་མོངས་རྣམ་ལྔར་གསལ་བའིཿ།། བློ་ཟུང་འ་ཁྲུལ་པར་ཤེས་པས་ཀློག། ཡིད་ཀྱིས་ནང་དུ་བལྟས་པནམ།། གྲོ་ལ་འཛིན་པར་ཤེས་པས་ལྡོག། བདེན་པང་ཆོས་ལ་བ་ཚོམ་ན།
259a2 མི་བདེན་ཆོས་ལ་ཡང་དག་འཛིན།། བདེན་རྫུན་ཤེས་པ་སྐྱེས་པའི་ཚེ།། མ་རིག་འཁྲུལ་པར་ཤེས་པས་ལྡོག། ཅི་ཡང་མི་ཤེས་མི་གསལ་ཚེ།། གདམས་བརྒྱུད་ལ་ཐེབས་པས་ལྡོག། སྣང་ཡང་མི་འགེག་མི་བསྒྲུབ་ན།། གྱི་ཡི་འཁྲུལ་བསོལ་བ་ཡིན།།
259a3 གསལ་ཀྱང་ཡུལ་ལ་མི་འཇུག་ན།། རྟེན་གྱི་འཁྲུལ་བསོལ་བ་ཡིན།། ནང་དུ་བདག་འཛིན་མི་རྐྱེན།། འཕང་གི་འཁྲུལ་པ་སོལ་བ་ཡིན།། ཕྱི་ནང་ཤེས་པས་མ་བཟུང་ན།། བློ་ཡི་འཁྲུལ་པ་སོལ་བ་ཡིན།། ཡང་དག་དོན་ལ་གདེང་རྙེད་ཅིང་།། འཛིན་དང་ཐེ་ཚོམ
259a4 མ་གྱེས་ན།། མ་དགེ་འཁྲུལ་བཀྲོལ་བ་ཡིན།། རིག་པ་སྟོང་པའི་སྙིང་པོ་ཅན།། སྙིང་པོ་ངོ་ཡིས་ཟིན་པའི་ཚེ།། རྩོལ་བསྲུབ་འཁྲུལ་བ་སོལ་བ་ཡིན།། རྒྱུད་ཀྱི་བྱ་བ་ཐོང་པའི་ཚེ།། ཞེན་ཆགས་འཁྲུལ་པ་སོལ་བ་ཡིན།། གཉེན་པོ་ཀློང་དུ་གྱུར་པའི་ཚེ།། རྐྱེན
259a5 གྱི་དཡུལ་བསོལ་བ་ཡིན།། ཡེ་ཤེས་ཀློང་དུ་གྱུར་པའི་ཚེ།། མ་རྟོགས་འཁྲུལ་པ་སོལ་བ་ཡིན།། ཡེ་ཤེས་རྒྱུན་ཆད་མེད་པའི་ཚེ།། དུམ་བུའི་འཁྲུལ་པ་སོལ་བ་ཡིན།། རྟོགས་པ་རང་དང་མི་འབྲུལ་ཚེ།། འཁྲུལ་པ་ཐམས་ཅད་མ་སྤངས་སོལ།། ཞེས
259a6 གསུངས་སོ།། རིན་པོ་ཆེ་འཁོར་ལོའི་རྒྱུད་པས། འཁྲུལ་པ་བསལ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། ། དེ་སྐད་གསོལ་པའི་ཚིག་རྗེས་ལ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། འཁྲུལ་པ་སེལ་ནས་བལྟ་བའི་དོན།། ཉམས
259a7 སུ་གླང་དུ་ཡོད་དམ་མེད།། དེ་སྐད་གསོལ་བའི་ཚིག་གསན་ནས།། གསང་བདག་ཆེན་པོས་ལན་བཏབ་པ།། འཁྲུལ་པ་ལོག་ནས་ཡེ་ཤེས་འཆར།། འཁོར་བའི་ཤེས་པ་མ་སོལ་ན།། རང་གི་ཡེ་ཤེས་ངོས་མི་ཟིན།། སྙམ་བྱེད་བློ་དང




iiif viewer powered by OpenSeadragon

258b - 259b

Texts on this page

Gdg005.18 - rin po che 'khor lo zhes bya ba'i rgyud