| | e-texts navigator
|
258a1 སྨན་དུག་མིང་དུ་མ་བཏགས་ཀྱང་།། སྤྱན་དྲུག་གཉིས་སུ་སྣང་བ་ལྟར།། ཀུན་གཞི་སྤྲིས་གཅིག་པ་ལས།། འཆང་སྒོ་གཉིས་སུ་ཐུགས་ཀྱིས་འབྱུང་།། སྔོན་ལ་གང་གྱིས་ལྡོག་བཅས་སོ།། མ་རིག་འཁྲུལ་བའི
258a2 འཆར་སྒོ་ནས།། རིག་པའི་འཆར་སྒོམ་ཤར་བར།། ཀུན་གཞི་འོད་ཀྱི་གཟུགས་སུ་སྣང་།། འོད་ལ་འདོད་པའི་སེམས་སྐྱེས་པས།། འདོད་ཁམས་ལྷ་རུ་ཤུགས་ཀྱིས་འཁྲུལ།། འོད་ལ་ཡང་དག་ངོས་སུ་བཟུང་།། གཟུགས་ཁམས་ལྟ་བུ
258a3 ཤུགས་ཀྱིས་འཁྲུལ།། འོད་ཀྱི་རང་བཞིན་མ་ཤེས་ཤིང་།། ཅི་ཡང་མིན་པའི་ཡིད་སྐྱེས་པས།། གཟུགས་མེད་ཁམས་སུ་ཤུགས་ཀྱིས་འཁྲུལ།། འོད་ལ་རིག་པའི་རྩལ་སྐྱེས་པས།། རྩལ་ལ་གདེང་རྙེད་རྟོག་པ་ཤར།། རིག་ལ་ཡུན་རིང
258a4 གནས་པས་ཐོབ།། འོད་ལ་ཆགས་ཤིང་ཞེ་སྡང་བྱུང་།། དམྱལ་བའི་གནས་སུ་ཤུགས་ཀྱིས་འཁྲུལ།། འོད་ལ་ཆགས་ཤིང་འབྲལ་མི་པོང།། ཡི་དྭགས་གནས་སུ་ཤུགས་ཀྱིས་འཁྲུལ།། ཡང་དག་མ་ཤེས་དོན་མི་གསལ།། བྱོལ་སོང་དག
258a5 ཏུ་ཤུགས་ཀྱིས་འཁྲུལ།། འོད་གཟུགས་བཟང་ངན་ཕྲག་དྲོག་སྐྱེས།། མི་རྣམས་ངག་ཏུ་ཤུགས་ཀྱིས་འཁྲུལ།། ང་ལས་མེད་པའི་སེམས་སྐྱེས་པས།། ལྷ་མིན་དག་ཏུ་ཤུགས་ཀྱིས་འཁྲུལ།། རྫབ་མ་རིག་གཉིས་ཡིན་པས།། སྣང
258a6 དང་མི་སྣང་གནོད་བྱེད་པས།། དདྲེ་ཀུན་དག་གིས་དཔེ་ཡིས་བསྟན།། གཞི་ནི་ཀུན་གཞིའི་རྣམ་ཤེས་ཡིན།། ཆགས་ལས་ཞེ་སྡང་ལུས་སུ་འཁྲུལ།། འདོད་ལས་འདོད་ཆགས་ཤ་རུ་འཁྲུལ།། གཏི་མུག་ཤ་ཡི་གཟུགས་སུ་བྱུང་།། བདེན
258a7 རྫུན་རྣམ་པ་སྣ་ཚོགས་བྱུང་།། ལྷན་ཅིག་སྐྱེས་པའི་མ་རིག་ལས།། ཀུན་བརྟགས་མ་རིག་རྟོག་པ་ཟུང་།། ཡིད་གཉིས་ཀྱི་ནང་གཉིས་སུ་བཟུང་།། ཡུལ་ལ་འཇུག་ཅིང་སྒྲིབ་རྣམས་གསོག། འབྱུང་འཇུག་གྱི་དང་དག་ཏུ་བལྟ།། ཞེས་གསུངས
iiif viewer powered by OpenSeadragon
257b - 258b