e-texts navigator
Collection
Volume
Page
Wylie

256a1 གཏད་མེད་པས་ལྟ་བའི་མཐའ་དང་བྲལ།། འཛིན་པ་མེད་པས་སྒོམ་པ་ངང་ལ་གསལ།། བླང་དོར་མེད་པས་སྤྱོད་པ་གང་ལ་བཟང་ངན་མེད།། འབྲས་བུ་སྤང་ཐོབ་མེད་པས་སྐུ་དང་ཡེ་ཤེས་གསལ།། དེ་ལྟར་རྟོགས་པའི་རྣལ
256a2 འབྱོར་བ་ལ་འཆི་བ་མེད།། ཡེ་ཤེས་གསང་བ་སྣརོན་མ་རིན་པོ་ཆེ་མན་ངག་གི་རྒྱུང་ལས། ཡོན་ཏན་ཡར་ལྡན་གྱི་ལེ་འུ་སྟེ་བཅུ་གསུམ་པའོ།། ། དེ་དུས་ཡང་སེམས་དཔའ་རྡོ་རྗེས་ནུས་པ། ཀྱེ་ཕྱོགས་པའི་བདག་པོ་ལགས།
256a3 བའི་ལམ་སྟོན་པ།། མཁའ་སྤྱོད་གནས་སུ་འགྲོ་བའི་ཕྱིར།། འཕགས་པའི་ལམ་གཅིག་བསྟན་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། མཁའ་སྤྱོད་གནས་སུ་འོང་འདོད་ན།། དང་པོ་ཟོས་པའི་ཤེས་རབ་ཀྱིས།
256a4 ནང་ཆོས་ལ་སྒོ་འདོགས་ཆོད།། བར་དུ་བསམ་པའི་ཤེས་རབ་ཀྱིས།། དེ་དོན་རྒྱུད་ལ་གོམས་པར་བྱ།། ཐ་མ་བསྒོམ་པའི་ཤེས་རབ་ཀྱིས།། བདག་ཏུ་འཛིན་པའི་ཉོན་མོངས་གཞོམ།། ཚོགས་ལམ་བླ་མ་མཚན་ལྡན་ལ།། མཉེས་པ་གསུམ་གྱི་མཆོད་པ་འབུལ།།
256a5 སྤྱོད་ལམ་བླ་མའི་གདམས་ངག་གིས།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ།། མཐོང་ལམ་སྤྱན་ལྔ་དག་པ་ཡིས།། རང་སེམས་ཀྱེ་མེད་མཐོང་བར་བྱ།། བསྒོམ་ལམ་ཏིང་འཛིན་ནམ་གསུམ་གྱིས།། གཉུག་མའི་ཡིད་ལ་གོམས་པར་བྱ།། མཐར་ཕྱིན་ཉེས
256a6 པ་གཉིས་ཟད་པས།། ཆོས་རྣམས་ཟད་སར་བསྩལ་བར་བྱ།། ང་ནི་ཐབས་ཀྱིས་མཁན་ཏེ།། ཐར་ལ་མ་ཚོལ་བ་ལམ་འདིར་ཤོག། མཇལ་དང་ཐོས་དང་རྟོགས་དང་གོམས།། ཆོས་དང་མདོ་དང་མཛོད་དང་འཇིགས།། ཐབས་ཀྱིས་དེ་ཡི་རང་ལ་འཇོག། ཡེ་ཤེས
256a7 གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས། འཕགས་ལམ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཕྱོག་སྣང་བའི་བདག་པོ་ལགས།། ཁྱོད་ནི་ཡེ་ཤེས་སུན་དང་ལྡན།། བདག་ཅག




iiif viewer powered by OpenSeadragon

255b - 256b

Texts on this page

Gdg005.17 - ye shes gsang ba'i sgron ma rin po che man ngag gi rgyud