| | e-texts navigator
|
255b1 གཞན་ནས་མ་བཙལ་རང་ལ་ཡོད་པ་ངོ་མཚད་ཆེ།། རང་བཞིན་མེད་པར་ཤེས་པས་འབྲས་བུ་འབྱིན་མི་ནུས།། མ་ནོར་པ་ཡི་ཐབས་ཀྱིས་ཟིན་པས་ན།། ཉོན་མོངས་ལྔ་དང་དུག་ལྔའི་རྩ་བ་བྲལ།། དཔེར་ན་རྔ་མའི་སྙིང་པོ་གཟུང་དང་མཚུངས།། སྐྱེས་བུ་དེ་ལ་བྱ
255b2 བཙལ་མེད་པ་སྟེ།། པན་ས་ཡི་འབྲས་བུ་སྨིན་པ་ལྟར།། སྨིན་པར་བྱ་བའི་རྩོལ་བ་མི་བྱེད་དང་།། ཟེད་པའི་རྩོལ་བ་དེ་ནི་སྨིན་པའི་གེགས་སུ་འགྱུར།། ཀུན་གཞི་མཉམ་པའི་ངང་ལ་གནས་པ་ནི།། འཁོར་བའི་ཆོས་ཀུན་མི་སྤང་དེ་ལ་རྫོགས།། འ
255b3 པའི་བདེན་པ་དེའི་ལམ་ཡང་དེ་ལ་རྫོགས།། རང་རྒྱལ་རྟེན་འབྲེལ་ལམ་ཡང་དེ་ལ་རྫོགས།། བྱང་སེམས་སྔོན་འདུག་ལམ་ཡང་དེ་ལ་རྫོགས།། བྱང་ཆུབ་སུམ་ཅུ་རྩ་བདུན་དེ་ལ་རྫོགས།། བཅུ་ཡིས་བགྲོད་པའི་ས་ཡང་དེ་ལ་རྫོགས།། དཀྱིལ་འཁོར་ར
255b4 པའི་དབང་ཡང་དེ་ལ་རྫོགས།། ལྷ་དང་བཟླས་པ་ཕྲིན་ལས་ཕྱག་རྒྱ་དེ་ལ་རྫོགས།། འཕགས་པ་མཉེས་བྱེད་མཆོད་པ་དེ་ལ་རྫོགས།། སྡོམ་པ་གསུམ་གྱི་བསྲུང་བྱ་དེ་ལ་རྫོགས།། གནོང་ཞིང་འགྱོད་པའི་བཤགས་པ་དེ་ལ་རྫོགས།། ལེགས་པའི་བསྔོ་བ
255b5 སྨོན་ལམ་དེ་ལ་རྫོགས།། རྒྱལ་བའི་སྐུ་གསུམ་ཐོབ་ཀ་དེ་ལ་རྫོགས།། ཀུན་གཞི་མ་བཅོས་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་རྫོགས་པས་ཞིང་ས་གཤིན་པ་འདྲ།། ཐིག་ནི་མི་འགྱུར་རང་སེམས་སྐྱེ་མེད་ཡིན།། ལེ་ནི་གདལ་བ་མཉམ་པ་ཉིད་དུ་གསལ།།
255b6 བསླུ་བའི་དོན་ནི་གཅིག་པས་གཅིག་ཅེས་བྱ། ཐག་མེན་ནག་མཉམ་པའི་ཚུལ་གྱིས་གོལ་སྒྲིབ་ཇི་ལྟར་སྤོངས།། མི་ལྷ་མི་བསྒོམ་མེ་སྤྱད་དབྱེར་མེད་ན།། འོག་མའི་ལྟ་སྤྱོད་གནས་སུ་གྲོལ་མི་འགྱུར།། གར་ཡང་མི་འགྲོ་འདུག་པའི་མི་དང་མཚུངས།།
255b7 མཉམ་པའི་ཚུལ་གྱིས་བདུད་རྣམས་ཇི་ལྟར་འདུལ།། མཉམ་པའི་གདེང་ལ་ཡིད་ཆེས་མ་བྲལ་ན།། བདུད་ཀྱི་བར་ཆོད་སྤྲུལ་པ་ཅི་བྱུང་ཡང་།། ཐམས་ཅད་སེམས་སུ་ཤེས་པས་ཀླ་ན་ཀ་ལི་ཚུག་ཞིང་།། ཁྱིམ་བདག་དཔའ་བོས་བསྲུང་བའི་བུད་མེད་འདྲ།། གཟའ
iiif viewer powered by OpenSeadragon
255a - 256a