| | e-texts navigator
|
255a1 སྤྱོད་པས་ལ་དོར་ནི།། ཉ་མོ་ཆུ་ལས་མི་འདའ་བཞིན།། དཀར་པོའི་ཆོས་དང་ཐལ་ཐབས་མེད།། དངོས་པོའི་ཆོས་ལ་ཞེན་ན་འཁོར།། ཡང་ན་རི་དྭགས་སུ་ཉན་ལྟར།། ཡང་ན་གླང་པོ་མཚོ་ཕྲང་ལྟར།། ནམ་མཁའི་མདུད
255a2 འདྲ་བའོ།། གང་ལ་ཐོགས་པ་མེད་པ་ནི།། རལ་གྲི་སོ་མང་འདྲ་བ་སྟེ།། གདོང་དུ་ཅི་བྱུང་ཐམས་ཅད་གཅོད།། ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་ལས།། ལྟ་སྒོམ་སྤྱོད་པ་མ་འདྲེས་རྫོགས་པའི་ལེའུ་སྟེ་བཅུ་གཉིས་པའོ།།
255a3 ས་ཡངས་ང་དངས་འདི་ད་པམ་། མ་ང་བདག་པལག་།། ཐམས་ཅད་བམྱེད་པ་གས་།། བདག་གིམ་བྷཱས་། མྱེད་པས་ཇོགས།། ཐོས་པའི་མཁོ་ལ་བསྟན་དུ་ག་དོང་།
255a4 གསང་བའི་བདག་པོས་བཀའ་སྩལ་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ཀུན་གཞི་སྐྱེ་མེད་མ་བཅོས་སྟོང་པ་ཉིད།། དེ་རྟོགས་རྣལ་འབྱོར་གང་གིས་མི་གནོད་པ།། སྐྱེས་བུ་གོམས་པས་གང་རྒྱགས་ལྷུང་མེད་ལྟར།། སྐྱེ་མེད་རྟོགས་ཤིང་འདྲིས
255a5 པའི་རྣལ་འབྱོར་པས།། གང་ལྟར་སྤྱད་ཀྱང་མི་ཉམས་ཐིག་ལེའི་དང་།། ཆེད་དུ་མི་སྤང་དང་ལ་བཞག་པས་འབྲལ།། མ་སྤངས་ལྷུན་གྲུབ་བྱང་ཆུབ་ཆེན་པོར་སྤྱོད།། ཀུན་གཞི་མ་བཅོས་བརྡལ་བ་ཆེན་པོ་ཉིད།། ཆོས་ཀུན་མ་འདྲེས་བྱང་ཆུབ་སེམས་སུ་གཅིག།
255a6 ཀུན་གཞི་མ་བཅོས་དང་ལ་གང་སྤྱོད་པ།། ཆོས་རྣམས་ཀུན་ལ་མི་སྤྱོད་མི་རྟོག་ན།། སྤྱོད་མེད་གནས་ལུགས་རྟོགས་པའི་སྤྱོད་པ་ཡིན།། ཆོས་ཉིད་སྤོང་པའི་རྟག་ནི་ཇི་ལྟར་ལགས།། གང་ལ་ཞེན་པ་མེད་པས་ཆགས་པ་ཆུང་།། མ་ནོར་དོན་ལ་ཀུན་གཞི་འགྱུར་མེད
255a7 གསལ།། རྟག་ཆེན་དེ་ཡོད་གཞན་གྱི་ཁར་མི་ལྷུང་།། མངོན་ཤེས་སྟོབས་དང་རྫུ་འཕྲུལ་ལུང་སྟོན་འཐུང་།། དེ་ལ་རློམ་སེམས་མེད་པ་དང་རྒྱལ་རི་བོ་སླད།། དེ་ཡིས་སྤང་ལེན་མི་བྱེད་མཉམ་པ་ཉིད་དུ་གསལ།། ཐིག་ལེ་གཅིག་ཏུ་རྟོགས་པས་ཐ་དད་འཛིན་པ་ཟ།།
iiif viewer powered by OpenSeadragon
254b - 255b