e-texts navigator
Collection
Volume
Page
Wylie

254b1 ཁངལ་བསྟནངས་སོ།། གསང་བའི་བ་ན་པས་བཀའཕྲལ་བ།། ཐམམས་དཔའ་ནས་ཅན་།། དངག་སཔས་ཟག་བཅད་པ།། བང་དབགས་པས་ཉམས་སདང་།། ན་པ་འ་ས།། ད་ས་པས་དག་པ་དང་།། ངག
254b2 བཅུད་ཟགས་ཐོག་མཐའ་མེད།། སེམས་ཉིད་ཏུ་རྐྱེན་གཉིས་ལས་འདས།། མཚན་མའི་རྣམ་རྟོག་སྨོན་དང་ཐལ།། བློ་དང་ལྡན་པའི་ཆུ་བསྐྱེད་དེ།། མཐའ་ལས་འདས་དང་ལྡན་གྱིས་ཐུབ།། རྒྱ་ཐབ་གདལ་ཉིད་དྲུགནས།། མཐའ་དང་དབུས
254b3 སུ་མི་རྟོག་ན།། ལྟ་བའི་གོ་ལ་སར་ལྒང་མི་འགྱུར།། ཡིན་པ་གསུམ་གྱིས་ཟག་བཅད་པ།། སྐུགསུང་ཐུགས་ལྔ་ཡིད་ཆེས་སྐྱེ།། རིན་པོ་ཆེ་ཡི་གསྱེར་གླིང་དུ།། སྲིན་པས་ཐམས་ཅད་གསར་དུ་སྣང་།། འཁོར་འདས་བཟུང་དྲན་མེད་པར་ཤེས།
254b4 སྤང་ཨེན་ཡཱ་ཡི་མི་ག་བཞིན་དུ།། གཉིས་སུ་མེད་པར་ཐུག་ཆོད་དོ།། བསྒོམ་པས་ཉམས་སུ་བླང་བ་ནི།། འདས་པའི་ཤེས་པ་རྗེས་མི་གཅོད།། མ་འོངས་ཤེས་པ་སྐྱོན་མི་བསུ།། ད་ལྟའི་ཤེས་པ་མ་བསྐྲད་པ།། དངོས་པོའི་རྗེས་སུ་མ་འབྲངས་ན།།
254b5 གཙུག་མའི་སེམས་ནི་ཡིན་པར་རྗེས།། དབང་པོ་སྒོ་ལྔའི་རྗེས་འབྱངས་ནས།། སེམས་ཅན་པལ་བའི་ཡུལ་ལ་ཆགས།། ཐང་བ་བརྗོད་ལ་ཆགས་པ་ལྟར།། མེ་ཏོག་པ་ལ་རྒྱགས་པའི་ཚེ།། ཚོར་བས་ཅི་ཡང་མི་ཚོར་བ།། ཆོས་ཅན་པོར་ནས་ཆོས
254b6 ཉིད་པ།། གྲངས་ཅན་གྱི་ལཱི་བསྒོམ་པར་འགྱུར།། སྣང་ཚོད་ཉམས་སུ་མྱང་དབུས་ན།། ཆུ་འབྲས་ཁྱད་གསོད་ཆད་པར་འགྱུར།། སྲུང་ཞིང་འགེག་པར་བྱེད་པ་ནི།། ཉད་ཐོས་འགོག་པའི་མི་རྟོག་པར།། ཐམས་ཅད་མ་ལུས་ཚོར་བས་ན།། ཡུལ་དང
254b7 ཡུལ་ཆེན་གཉིས་སུ་ཏོག། ཅི་ཡང་ཡིད་ལ་མ་བྱས་ན།། རྗེས་སུ་མི་འབྲངས་མི་རྟོག་པས།། གྲོལ་བར་འདོད་པ་ལམ་གྱི་མཆོག། ཅི་ཡང་མ་སྐྱེས་མ་བཅོས་པ།། ཤེས་པ་སོ་མ་ཉིད་དུ་འདོད།། དེ་བཞིན་གཤེགས་པའི་དགོངས་པ་ཡིན།། ཐ་མ




iiif viewer powered by OpenSeadragon

254a - 255a

Texts on this page

Gdg005.17 - ye shes gsang ba'i sgron ma rin po che man ngag gi rgyud