| | e-texts navigator
|
254a1 \ུ0f7fར་དུ་འཇུག་པ་སྣང་།། དེ་བཞིན་རྫོ་བ་མེད་པར་བཞག། བྱབ་བཏུང་བའི་རྒྱས་པཝཱར།། ཛ་ལྟ་གནས་པ་སྡུག་བསྔལ་མེད།། བཅ་ཐབས་རྣམ་པགས་མ་ས།། ད་ཐཱ་རྒོང་དག་བཅང་བ་དང་།། ངན་པནག་ཏ
254a2 བཙའ་བ་དང་།། དཱ་རྔའི་བཙུན་མོ་ལྟར་བཙའ་བའོ།། དབུ་རྒོད་བཏུལ་བ་མ་ཡེངས་ལྟར།། དེ་བཞིན་བསྒོམ་པའི་སེམས་མ་ཡེངས།། རྟོགས་པའི་དོན་ལ་གནས་པར་གྱིས།། རིན་ཆེན་གཏེར་ལྟར་བཙང་བ་ནི།། ཐེ་མ་ཡིག་གཞན་ལ་པ་ཤོར་བར།། གཞན
254a3 ཆོམ་རྐུན་མི་ཚུགས་ཤིང་།། དེ་བཞིན་རྣལ་འགྱོར་བསྒོམ་པའི་ཚེ།། གདམས་ངག་རྩི་ཡིས་ཟིན་པ་ནི།། རྣམ་པར་རྟོག་པས་མི་ཚུགས་སོ།། བཙུན་མོ་ལྟ་བུར་བཙའ་བ་ནི།། རྒྱལ་པོ་མངའ་དང་བཙུན་མོ་ལ།། གཞན་གྱི་གནོད་པས་མི་གྲོགས་བཞིན།
254a4 བཞིན་གདམས་ངག་ལྡན་པའི་མིས།། ཆོས་རྣམས་སེམས་སུ་ཤེས་པ་ལ།། དངོས་པོའི་དུག་གིས་ཚོགས་མི་སྲིད།། བཅོས་ཐབས་རྣམ་པ་གསུམ་དུ་བསྟན།། མཁའ་ལ་སྤྲིན་ལྟར་བཅོས་པ་དང་།། ཁང་སྟོང་ན་ནུམ་ལྟ་བུ་དང་།། དུག་ལ་སྔགས་ཀྱིས་བཏབ་ལྟ་།
254a5 ཚད་ལ་རྣམ་པ་གསུམ་དུ་བསྟན།། གསལ་བའི་ཚད་ནི་མར་མེ་ལྟར།། མི་གཡོའི་ཚད་ནི་རྒྱ་མཚོ་ལྟར།། ཡང་ཞིང་འཇམ་པ་ཤིང་བལ་ལྟར།། དྲོད་རྟགས་རྣམ་པ་གསུམ་དུ་བརྟན།། གྱི་རྟགས་ལུས་པོ་ཡོད་མི་ཚོང་།། ནང་རྟགས་དབུགས་ནི་འབྲུ་མི་ཚོར།
254a6 གསང་རྟགས་དངོས་པོའི་ཞེན་པ་ཆོད།། སྐྱེ་ཚུལ་རྣམ་པ་གསུམ་ཡིན་ཏེ།། རྣམ་པར་རྟོག་པས་ཡེ་ཤེས་སྐྱེ།། སྟོང་པ་ཉིད་ལས་སྙིང་རྗེ་སྐྱེ།། ཞི་གནས་བསྒོམས་ན་ལྷག་མཐོང་སྟེ།། འབྲས་བུ་སྤ་དུ་ཡེ་ཤེས་འཆར།། ཡེ་ཤེས་གསང་བ་སྒྲོན་མ་རིན་པོ་ཆེ་མན
254a7 ངག་གི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་གཏན་ལ་དབབ་པའི་ལེའུ་སྟེབཅུ་གཅིག་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་གསང་བའི་བདག་པོ་ལགས།། ལྟ་བསྒོམ་སྤྱོད་པ་ཅི་ལྟར་ལགས།། འདུས་པའི
iiif viewer powered by OpenSeadragon
253b - 254b