e-texts navigator
Collection
Volume
Page
Wylie

252b1 བུ་ཕུན་སུམ་ཚོགས་པ་ཡིན།། མཐོང་བའི་ཆོས་ལ་བློ་མི་གཞག། སྟོང་པ་ལ་ཡང་དེ་བཞིན་ནོ།། སེམས་ཉིད་དྲང་པོར་བཟུང་ངུ་མེད།། ངེས་པར་དང་ལ་ཞེན་ན་འཆིངས།། འདི་ལ་ཆགས་པ་འགའ་ཡོད་ན།། རང་གིས་བཅིངས་པའི་སྲིན་བུ་བཞིན།།
252b2 འབྲས་བུ་མེད་པར་བརླག་པར་འགྱུར།། དེ་བས་སངས་རྒྱས་ཐོབ་འདོད་པས།། རང་གི་སེམས་ཀྱི་རྩད་བཅད་སྟེ།། བསམ་མེད་ཡེ་ཤེས་སྣ་རྩེ་ཡིན།། དེས་ན་ཆོས་ཀུན་རྩ་བ་འདི།། སེམས་ཉིད་ཡིན་པར་ཤེས་པར་བྱ།། ཡེ་ཤེས་གསང་བ་སྒོན་མ
252b3 རིན་པོ་ཆེ་མན་ངག་གི་རྒྱུད་ལས།། སྲུ་པྲི་ལྟ་བུའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཧོ་གསང་བའི་བདག་པོ་ལགས།། འགྲོ་བའི་སྐྱབས་མཛད་ཐུགས་རྗེ་ཅན།། བདག་ཅག་རྨོངས་པར་གྱུར་པ་ལ།། ཡེ
252b4 ཤེས་ངོས་གཟུང་བཤད་དུ་གསོལ།། གསང་བའི་བདག་པོས་ཡང་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དེ་ཉིད་ངོས་གཟུང་སྤྱི་བླུགས་དང་།། ཚོགས་དྲུག་ལྕག་དང་ཐུག་ཕྲད་དང་།། གནས་པའི་ཐབས་དང་ལྔ་རུ་བཤད།། དང་པོ་ཡེ་ཤེས་ངོས
252b5 གཟུང་ནི།། སྨན་པ་མཁས་པ་ལྟ་བུ་སྟེ།། དེ་ཡིས་ནད་དང་ནད་པའི་ཉམས།། རྩ་དང་ཆུ་ཡི་སྒོ་ནས་རྟོག། ན་དངོས་ཟིན་ན་མིང་འདོགས་བཞིན།། དེ་བཞིན་བདེ་བར་གཤེགས་པའི་རྒུད།། བླ་མ་མཁས་པའི་གདམས་དག་དང་།། རང་གི་ཉམས་ཀྱི་བྱེ་བྲག་གིས།།
252b6 ཚད་མ་གསུམ་ལ་བརྟེན་ནས་ནི།། ཡེ་ཤེས་མཁའ་ལྷུར་ཁྱབ་པ་ལ།། ངོ་ལས་ཟིན་ན་བདེ་དང་འཕྲད་།། ཡེ་ཤེས་སྤྱི་ཐུགས་དགོངས་པ་ནི།། འཕྲུལ་གྱི་མེ་ལོང་སུམ་ཕྲུག་ལྟང་།། དེ་བཞིན་གནས་ལུགས་རྟོགས་པའི་མེད།། འདི་དང་ཁྱི་མ་གཉིས་སུ་མེད།། དེ་བཞིན་དོ
252b7 ལ་གནས་པར།། ཚོགས་དྲུག་སྡུག་པའི་མན་དག་ནོ།། སྲས་ནད་ཀྱིས་གཅིང་པ་ལ།། མ་གླེང་བཚ་རྟག་མེད་བཞིན།། དེ་བཞིན་སེམས་ཉིད་རྟོགས་པའི་མ།། བདག་གཞན་འཛིན་པའི་རྟོག་པ་མེད།། ཏོག་མེད་ལམ་དུ་ཁྱེར་དགོངས་པའོ།། མ་རྒ




iiif viewer powered by OpenSeadragon

252a - 253a

Texts on this page

Gdg005.17 - ye shes gsang ba'i sgron ma rin po che man ngag gi rgyud