| | e-texts navigator
|
251b1 ཅིང་ཡེ་ཤེས་གསལ།། གནས་ལུགས་དང་ལས་མ་གཡོས་པས།། དཔེར་ན་གསར་གླིང་ཕྱིན་པ་འདྲ།། དགོངས་པ་རྡོ་རྗེ་འཆང་དང་མཉམ།། དེ་ཉིད་གསལ་ལ་མ་ཞན་ན།། ཡང་དག་དོན་ལ་གནས་པ་ཡིན།། ཆགས་སྣང་གཏི་མུག་དབང་ག
251b2 ནི།། རྒོད་ཅིང་བྱིང་པ་བྱུང་བའི་ཚེ།། ཕྱི་ནང་གསང་བ་གསུམ་པོ་ལ།། སེམས་གཏད་དེ་ནི་ཞི་བར་འགྱུར།། ཁམས་བདེ་ཐུན་ནི་རིང་པར་བྱ།། མི་བདེ་ཐུན་བཞིར་བསྒོམ་པར་བྱ།། དེ་ནས་བལྟ་བས་ཟག་བཅད་དེ།། མཐའ་གཉིས་དམིགས་པའི་ཡུལ
251b3 ལས་གྲོལ།། དམིགས་པ་མེད་པ་བྱང་ཆུབ་སེམས།། གཟུང་འཛིན་མེད་པའི་ཡེ་ཤེས་ལ།། ཆོས་ཀུན་བྱང་ཆུབ་སེམས་སུ་གཅིག། སེམས་ནི་ནམ་མཁའི་མཚན་ཉིད་ལྟར།། མཚན་མ་མེད་པར་རོགཅིག་པས།། སྐྱེ་མེད་རྣམ་གྲོལ་བདུད་རྩེའི་ཟས།། བརྗོ་པ་བལྟ་བའི
251b4 འཇོམས་པ།། བྱང་ཆུབ་སེམས་ཀྱི་ལམ་ཆེན་འདི།། དངོས་པོ་སྟོང་པ་ཉིད་ལས་གྲོལ།། གདགས་སུ་མེད་པའི་སེམས་ཉིད་ལ།། མཚན་པར་བཏགས་ན་བློ་ཡིན་པས།། ཆོས་ཉིད་བློ་ལས་འདས་པ་ཡིན།། བློ་ཡི་བློ་གྲོས་ངོ་མཚར་ཆེ།། དེ་ནི་བློ་གྲོས་དམ་པའི་ཆུ།།
251b5 དེ་ཕྱིར་ཡོད་ཡང་གཉིས་མད་ཞན།། ཡང་དག་བྱང་ཆུབ་སེམས་ཉིད་ལ།། ཡོད་དྲི་གྲོ་མི་འཛེགས་པ་དང་།། མ་པང་སྲུང་ས་མི་འདེགས་པ་ས།། ཏག། དང་ཟང་པའི་མཐའ་ལས་འདས།། འབྱུང་བའི་རྒྱུ་བའི་ཅི་དམིག་ས་ཅན།། རླུང་སེམས་རང་ཁང་མ་མནན།།
251b6 འགྱུ་བ་མེད་པ་བཞིན།། མི་སྣང་བཞིན་དུ་འགྱུ་བར་ཟད།། དཔེར་ན་ནམ་མཁའི་སྤྲིན་བཞིན་དུ།། སྨིན་ཚོགས་ནས་ཡང་གནོད་མི་ནུས།། དེ་བཞིན་བྱང་ཆུབ་སེམས་ཉིད་ལ།། རྟོག་པས་འགྲིབ་པར་ཡོདྲ་མི་ནུས།། རང་སེམས་དགང་ཆོས་ཉིད་ལ།། མ་བཙལ་ལྷུར
251b7 གྱིས་གྲུབ་པ་སྟེ།། གང་ལྟར་བསྒོམས་ཀྱང་ཐིག་ལེའི་ངང་།། དཔེར་ན་ཏིལ་གྱི་མར་མེ་བཞིན།། གྱི་ནང་གསལ་བའི་རིག་པའི་མདངས།། རང་སེམས་རྟོགས་པས་སངས་རྒྱས་པ།། འོག་མའི་ལམ་ལྔས་མི་བགྲོད།། གསང་སྔགས་ཐབས་ལམ་སྐད་ཅིག་གིས།
iiif viewer powered by OpenSeadragon
251a - 252a