| | e-texts navigator
|
249b1 དྲིན་པས་ནི།། མཛད་པ་ཕྱོགས་བྲལ་འོད་ལྟར་བརྡལ།། ཡེ་ནས་བྱས་ཟིན་བུ་མེད་པ།། རྡོ་རྗེ་ནམ་མཁའ་མཆོག་གི་ལས།། ཡེ་ཤེས་གསང་བའི་ཕྲིན་ལས་ནི།། རིག་པ་བདེ་བའི་དབེན་ལ་ཕྲོག། ཡེ་ཤེས་མྱེ་སོང་ཐབས་བྱ་སྷོ།། རང་སྣང་རིག་པའི་ཚུལ་གྱིས་རྩེ།། གཉིད
249b2 མེདེ་རང་གསལ་གཅིག་གི་རྡོ།། ཉམས་རྐྱོང་ཡེ་ཤེས་མཐའ་དབུས་མེད།། བརྗོད་བྲལ་རིག་པའི་མེ་ལོང་གཏེར།། ཇི་ལྟར་བལྟས་པ་དེ་ལྟར་གསྔལ།། གང་ཞིག་རིག་པའི་དོང་ཚྭའི་སྒོ།། འཕྲུལ་གྱི་ལྡེ་མིག་ཉིད་ཀྱིས་ཀྱེ།། རིན་ཆེན་ཕུང་པོ་འབར་བ
249b3 བསྟན།། ནམ་མཁའ་མཛོད་ཀྱི་གཏེར་ལ་སྤོད།། ཐེག་སྒོ་ཐབས་ཀྱི་ཕྲིན་ལས་ནི།། གང་འདོད་ཐེག་པ་སོ་སོའི་སྒོ།། མོས་པའི་འདུལ་ཚད་པས་མ་མི་ཁྱབ།། དེ་སྟེ་རིག་པ་བསམ་མི་ཁྱབ།། ཐབས་ཀྱི་ཕྲིན་ལས་གང་བསྟུན་ཀྱང་།། རང་བྱུང་རིག་པའི་སྒོ
249b4 ནས་གསལ།། བྱ་བ་བྱས་པའི་རྗེས་འཇུག་ལྟར།། གང་ཞུགས་རང་གསལ་རིག་པ་ལ།། ཕྲིན་ལས་མ་ལུས་དུས་གཅིག་རྫོགས།། རང་གསལ་རིག་པའི་དོན་ལ་བཞུགས།། བཙལ་བ་རིམ་པ་གང་སྒོ་ནས།། དེ་དང་དེ་ཡི་རྗེས་ཞུགས་པས།། རྟོག་པ་ལམ
249b5 གྱི་རྗེས་སུ་ཞུགས།། མཚན་མ་ཆགས་ལམ་དབང་གིས་ཁྲིད།། རྣམ་རྟོག་མཚན་མའི་རྗེས་འབྲངས་ནས།། རིག་པ་རང་གསལ་དོན་དང་བྲལ།། བརྡ་ཚིག་སླ་ཡི་ཚུལ་ནས་ཞུགས།། འཁོར་བའི་གནས་རབྲ་དགུ་ཆུ་བརྒྱད།། གང་དང་གང་གི་རྗེས་འཇུག་པ།།
249b6 འཁོར་བ་མཚོན་མའི་ལམ་དུ་ཞུགས།། ཆགས་པ་གཡས་གཡོན་ཀུན་གྱིས་ཁྲིད།། བདེ་མཆོག་དོན་ལས་སྦྱིན་ཅི་ལོག། ཡེ་ཤེས་གསལ་བའི་འོད་དང་བྲལ།། གང་འཐིབས་ལོག་པས་ཤིན་ཏུ་བསྒྲིབས།། ལོང་བས་ལོང་བའི་ལམ་མཚོན་ལྟར།
249b7 བདེ་འ་བོར་ནས་སྡུག་བསྔལ་རྙེད།། རང་གསལ་ཡེ་ཤེས་དོན་བོར་ནས།། ཡེ་ཤེས་བཙལ་བས་གྲུབ་པར་འདོད།། གཉིས་མེད་དོན་ལ་གཉིས་ཀྱིས་ཆགས།། དམིགས་མེད་དོན་ལ་དམིགས་པས་བཟུང་།། ཕྱོགས་མེད་རིག་པའི་ཡེ་ཤེས་ལ།། རང་འདོད
iiif viewer powered by OpenSeadragon
249a - 250a