e-texts navigator
Collection
Volume
Page
Wylie

247b1 བླབས།། རྒྱ་ལ་ཚབ་དེས་པ་གཅིག་ལ་གཏུང་།། བླ་མ་གསུང་ལྡན་མཁས་པ་ལས།། སྣོད་ལྡན་རྒྱལ་མས་ད་དག་ལྔ།། རང་གསལ་ཡེ་ཤེས་དོན་བ་གདུན།། སྐད་ཅིག་ཉིད་ལ་རྫོགས་སཿས་ཅས།། དད་མེད་ཆགས་པ་ཆེ་བ་དང་།
247b2 སེར་སྣ་རང་ཆེ་ཕྱོགས་བལྟ་ཞིང་།། འཇིག་རྟེན་གྲགས་པ་གཉེར་བ་དང་།། དམ་མེད་བརྩོན་འགྲུས་ཆུང་བ་དང་།། ཡེ་ནས་བློ་འཕང་དམའ་བ་དང་།། འཇིག་རྟེན་བྱ་བའི་ཆུང་སྨྲབ་དང་།། ཐེག་པ་དམན་པར་ཞུགས་པ་དང་།། ཆོས་ལ་ཕྱོགས
247b3 རིས་ངོམས་སྦྱིན་དང་།། རྡོ་རྗེ་བླ་མ་བསྐྱ་བ་དང་།། ངེས་པའི་དོན་ལ་སྦུར་འདེབས་པ།། འདི་ལ་གསང་བའི་སྒོ་ཕྱེ་ནས།། ནོར་བུ་རིན་ཆེན་གང་གཏོད་པ།། རྡོ་རྗེ་དམྱལ་བར་སྐྱེ་བར་ངེས།། གལ་ཏེ་ཐང་ཞིང་སེམས་ཕྱེས་ན།། གསང་བ
247b4 དོན་དང་ཕྲད་མི་འགྱུར།། རྡོ་རྗེ་བླ་མ་སྨོད་པ་ནི།། དུས་གསུམ་རྒྱལ་བ་སྨད་པའི་མཐུས།། བདུན་རྒྱུད་ཚུན་ཆད་བརླག་འགྱུར་ནས།། རྡོ་རྗེ་འབར་བའི་ནང་དུ་སྐྱེ།། གལ་ཏེ་དམ་པར་འཇུག་འདོད་ན།། སྐྱབས་ཀྱི་དམ་པ་རྙེད་མི་འགྱུར། གང
247b5 གགཔ་རྫོག་ཟུགས།། ག་གས་ས་ཤི་བ་ས།། རྣམ་ག་ག་གྲངས་ལྡན།། ངས་ཤེས་དང་གཏ་།། སགས་ས་ན། དང་མ་སེཾ་བྱེད་པ་ལ
247b6 ཟག་བརྟག་པའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས།། གསང་མཛོད་ཐུགས་ཀྱི་མེ་ལོང་འདི།། བསྟན་དང་བཤད་དང་བཀླག
247b7 པ་ཡི།། ཡོན་ཏན་རྒྱ་ཆེར་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ། དུས་གསུམ་རྒྱལ་བའི་གཏེར་གྱི་དབྱིག། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད།།




iiif viewer powered by OpenSeadragon

247a - 248a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po