e-texts navigator
Collection
Volume
Page
Wylie

247a1 མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། གདམས་ངག་ཕོག་པའི་ལེའུ་གེ་ཉི་ཤུ་རྩལ་པའོ།། ། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་ཀུན་གྱི་གས་བའི་གཏེར།
247a2 དུས་གསུམ་རྒྱལ་བའི་དགོངས་པའི་ལུང་།། གང་ཟག་དམ་པ་གང་ལྟར་བརྟགས།། མགོན་པོ་ཆེན་པོས་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའ་ཆེན
247a3 རྡོ་རྗེ་ཐེག་པ་བཤད་དང་ཉན།། སྐྱོན་དང་ཡོན་ཏན་རིམ་པ་ནི།། རྡོ་རྗེ་བླ་མ་མན་ངག་ཅན།། རིག་པ་གསང་བའི་མཛོད་འཛིན་ཅིང་།། རང་གསལ་ལུང་གི་དོན་ལ་གོམས།། ཤེས་རིག་ཡེ་ཤེས་ཉིད་བུ་གསལ། རྣ་བརྒྱད་མན་ངག་ལྡན་པ་དང་།
247a4 རིག་པ་མཛོད་ཀྱི་ཉམས་དང་ལྡན།། ཡེ་ཤེས་འཁོར་ལོ་བསྐོར་ཞིང་འབེབས།། རྒྱལ་ཐབས་དབང་ཐོབ་མན་དག་ལྡན།། སྤྱོད་པ་མ་བཅོས་ཀྲུང་དུ་ཞུགས།། ཐུགས་རྗེས་འགྲོ་བ་སྒྲོལ་ལ་བརྩོན།། ཆོས་ལ་རྫོགས་རིས་མི་མདའ་ཞིང་།། གསང་བའི་མན་ངག
247a5 འཚོ་མཁས་ཏེ།། ཐེག་པའི་བྱེ་བྲག་མ་རྨོངས་པས།། ལྟ་པའི་ཆེ་བ་རྟོགས་པར་ལྡན།། ཚིག་གཅིག་དོན་ཀུན་རྟོགས་པའི་བློ།། ཤེས་རབ་ཆེན་པོ་འོད་འབར་བས།། བག་ཆགས་ཕུང་པོ་སྲེག་བྱེད་པ།། རྡོ་རྗེ་བླ་མར་ཡིན་པར་བརྟག། དྲེགས
247a6 དང་སྙིང་རྗེ་ཆུང་བ་དང་།། རྣ་བ་རྒྱད་གདམས་ངག་མི་ལྡན་ཞིང་།། ཟོས་ཆུང་ཁེ་གྲགས་བཅུད་འཇུག་ཅིང་།། དབང་ལུང་མན་དག་མི་ལྡན་པ།། ཕོངས་པས་ཕོངས་པར་གྱུར་ནས་ནི།། མན་ངག་དམ་པས་ཕོངས་པར་འགྱུར།། དད་པས་ལུས་སྲོག་མི་བལྟ་ཞིང་།། རྡོ
247a7 རྗེ་བྷ་མ་ཐུས་པས་ཐཾང།། མཽད་དགག་སང་པ་གསུང་ལྡན་པས།། གསང་བསྤེལ་བ་བྱུང་།། དདགས་པ་ཚིག་པ་ན་འདགཔ།། བཟླས་པར་མེ་བཅུ་ལྡན་པ་ས་མཽ་།། སྙིང་རྗེ་མ་ཚིག་ལྡན་པ་དང་།། བཙུད་གྲུས་ཤེས་རབ




iiif viewer powered by OpenSeadragon

246b - 247b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po