| | e-texts navigator
|
246b1 གསལ་བདམ་ཆག་དང་གསལ་སྲང་།། འདི་ནི་ནམ་མཁའི་མཐའ་མཉམ་ལུང་།། རང་གསལ་རིག་པ་མངོན་རྟོགས་པས།། བཅོས་ཐལ་རིག་པ་གསལ་བའི་དང་།། ཆོས་བླ་ཛོད་འབང་དུས་གཅིག་གསལ།། བདེ་མཆོགར་ལ་དུས་གཅིག་བཟུགས།
246b2 འད་གས་ལ་རིག་པའི་གདེང་ལྡན་ན།། རང་གསལ་མ་ཡིན་ཐོས་མི་གནས།། རང་བྱུང་འོད་ལྷ་རྟག་ཏུ་འབར།། ཡེ་ཤེས་འབར་བ་མཆོག་གི་གནས།། དུས་གཅིག་རིག་པ་རང་གསལ་ན།། རིས་ཀྱེའི་ཤེས་པ་དོར་བའི་ལམ།། གས
246b3 ལ་མི་མངོན་ཆོས་དབྱིངས་ནི།། ཐམས་ཅད་ཀུན་ལ་ཁྱབ་པར་གནས།། རྟོག་པས་མ་བཅོས་བླ་མའི་ས།། འཁོར་བ་ཉིད་ན་ཡེ་སངས་རྒྱས།། མ་བཅོས་ས་ལ་དུས་གཅིག་ཀྱིན།། འོད་གསལ་ཀྲུང་ལ་རྟག་བཞུགས་ཀྱང་།། འགྲོ་བའི
246b4 དོན་འགྱོག་རིས་མེད།། ཁམས་གསུམ་འཁོར་བའི་བརྩོན་ཡང་།། རིག་པར་ངདགས་པ་ཆེན་པོར་བལྟ།། དྲག་ལྔ་བརྩེགས་པའི་རི་བོ་ཡང་།། རང་གསལ་ཡེ་ཤེས་ལྔ་བྲུ་བར།། ཐམས་ཅད་ཡེ་ཤེས་གསལ་བ་ལ།། གཉིས་པའི་རྟོག་པ་གདོད
246b5 ནས་སྐྱོང་།། གང་ཞིག་འོད་གསལ་ཆེན་པོ་ལ།། རིག་པ་སེམས་དང་མི་ལྡན་ན།། བཙལ་བའི་རྣམ་གྲངས་ཅི་སྙེད་ཀྱང་།། བྱས་ན་འཆིང་བ་ཆེན་པོར་འགྱུར།། དམ་ཚིག་མི་བསྲུང་ཐ་མ་ལ་སེམས།། འཇིག་རྟེན་གྲགས་པ་གཙོར་ལེན་པས།། རང
246b6 བྱུང་རིག་པའི་སེམས་དང་ཐལ།། མུན་གྱུར་བདེན་པའི་དོན་ལས་ཉམས།། ཇི་ལྟར་བཙལ་བ་དེ་ཉིད་འཁྲུལ།། གང་ལྟར་བལྟས་པ་དེ་ཉིད་ནོར།། ལྷ་ལོག་སྤྱོད་རྩིང་བུ་སྟེགས་པ།། ཤི་ནས་དམྱལ་བ་ཆེན་པོར་འགྲོ།། ཐར་པའི་སྐབས་དང་བྲལ་ནས
246b7 ཀྱང་།། ཐེག་ཆེན་གསང་བའི་རིནས་དང་བྲལ།། ཡང་དག་གསང་བའི་དོན་རྟོགས་ན།། ཅི་སྤྱད་ཡེ་ཤེས་འོད་དུ་འབར།། ཐམས་ཅད་གསལ་བའི་མེ་ལོང་བས།། ཡེ་ཤེས་རང་གསལ་འོད་དུ་འབར།། ཞེས་གསུངས་སོ།། ནམ་མཁན།
iiif viewer powered by OpenSeadragon
246a - 247a