e-texts navigator
Collection
Volume
Page
Wylie

244b1 ཏིང་འཛིན་ཅིར་མེ་དགོངས།། བསམ་དང་བྲལ་མ་འདུགས་སྤངས།། གཅིག་ཏུ་གནས་ཀྱང་ཐུབ་པར་གསལ།། རྣམ་པར་མི་ཏོགས་ལེབ།། ས་ལྟེ་བར་ཡང་བསམ་དུ་མེད།། བདག་གཞན་མ་ཚན་མས་མ་བརྡུང་ཤིག།། དམ་ཏོག་བྱལ་བར་དབྱུང།
244b2 ལྔརྫོགས།། མ་བགྲོདས་ལ་དུས་གཅིག་གནས།། ཧཱི་པའི་སྙིང་པོ་བཞིན་དུ་གནས།། མུ་བཙལ་མ་བསླབས་ཇི་བཞིན་ཉིད།། རང་སེམས་རྒྱུན་ཐལ་རིག་པའི་མཆོག། དུས་མཐའི་ཤེས་རབ་ཅིག་རྡུང་ལ།། ཆོས་ཀུན་གས་ལ་བར་རྟོགས་པའོ།
244b3 སྙིང་རྗེ་ཉི་མའི་འོད་དེ་ལྟར།། འགྲོ་བ་ཀུན་ལ་སྙོམས་པའི་བདང་།། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ།། གསང་བའི་རྒྱ་མཚོ་མཆོག་གི་གཏེར་།། དམན་པའི་སྤྱོད་ཡུལ་མ་ཡིན་པའོ།། ཡེ་ཤེས་རྒྱ་མཚོའི་བློ
244b4 མདུའ་ཞིང་།། རྟོག་འཇོམས་ཡེ་ཤེས་རྡོ་རྗེའི་དབྱིངས།། ཀླུང་ཟས་རང་གསལ་སྙིང་པོའི་མཆོག། ཤེས་རབ་མཆོག་གི་སྤྱོད་ཡུལ་སྐྱེས།། ཡེ་ཤེས་རྫོགས་པའི་ནོ་ཅནས།། དུས་གཙུག་ཡེ་ཤེས་འོད་དུ་འབྲར།། བད་མ་ཆེན་ཡེ་ཤེས་སྙིང་པོ་ལ།།
244b5 བའི་སྒྲིབ་པ་རྣམ་བསལ་ཞིང་།། འོད་འབར་ཐིག་ལ་མཆོག་གི་རྒྱན།། གདུལ་བའི་བསམ་པ་ཇི་བཞིན་དུ།། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།། ཐབས་མཁས་སྤྱོད་པ་བསམ་མི་ཁྱབ།། དུས་གཅིག་ཉིད་ལ་གསལ་བར་འཚར།། བྱ་ཐལ་རྫོགས
244b6 པའི་ལུང་ཉིད་དང་།། རང་གསལ་རིག་པ་མཆོག་གི་ཉམས།། རྣ་བརྒྱད་སེམས་ཀྱི་མན་ངག་གིས།། མ་ནོར་ངེས་པར་གཏན་ལྔ་ཕབ།། རང་གསལ་ངང་དུ་གཏན་ལ་ཕབ།། བདག་གཞན་མེད་པར་གཏན་ལ་ཕབ།། འགྱུར་མེད་ཀློང་དུ་གཏན་ལ
244b7 ཕབ།། ངེས་པ་མེད་པའི་ཐེག་པ་བརྒྱད།། འགྲོ་བ་དྲང་བའི་ཆེད་དུ་གསུངས།། དེ་ཡི་བསམ་པ་འདྲེན་པའི་ཕྱིར།། དྲང་བའི་ལུང་ཞེས་བཤད་པ་ཡིན།། བསམ་དང་མོས་པའི་ཁྱད་པར་གྱིས།། ཐེག་པའི་ཁྱད་པར་དེ་ལྟར་བསྟན།། འགྲོ་བའི




iiif viewer powered by OpenSeadragon

244a - 245a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po