e-texts navigator
Collection
Volume
Page
Wylie

242a1 དང་གདོད་ནས་ཐལ།། སྤོས་བྲལ་ནམ་མཁའི་རང་བཞིན་ལ།། དཱན་དང་རྟོག་པ་གང་ཡང་མེད།། མ་བཅོས་ཆོས་ཉིད་འོད་གསལ་ལ།། བཅས་པའི་སྣོང་བ་གྱིད་ཀྱི་སྲོག།། རིན་ཆེན་གྲོང་ག་དྲ་ཏུགས་ན།། ཐམས་ཅད
242a2 གསང་བའི་ལམ་དུགསལ།། ཡེ་ནས་ཕྱག་རྒྱ་འཛི་བ་ལས།། ལུས་ཀྱིས་རྩོལ་བའི་ལས་མི་བྱེད།། རྩོལ་བྲལ་རིག་པའི་གསུང་གོ་བས།། བཟླས་དང་འཕྲོ་འདྲའི་ལསུ་མི་བྱེད།། རང་གས་ལ་རིག་པའི་ཀླུང་ཞུགས་པས།། རྡོ་རྗེམ་ཅེས་བྲལ་ཟོད་གསལ་སེམས།
242a3 དྲིན་གཅིག་དེ་ཉིད་གའི་དགྲལ།། ཇི་ལྟར་འདོད་པའི་དོན་ལ་སྦར།། རང་གསལ་རིག་པའི་དོན་དང་འཕྲད།། གདོད་ནས་ཞི་བའི་རང་བཞིན་ལ།། མཚན་པའི་སྒོ་ཕུར་ཆོས་མི་འདྲ།། སངས་རྒྱས་སེམས་ཅན་མ་ལུས་ལ།། རྐྱེན་ཐལ་རང་གས་ལབ་རྣཾ།
242a4 མེད་གཅིང་།། དམིགས་ཐལ་རིག་པའི་ཚུལ་གྱིས་ནི།། ཡེ་ནས་ཁྱབ་ཅིང་བརྡལ་བར་གནས།། ཡེ་ནས་མུ་བཙལ་སངས་རྒྱས་ལ།། བསྲུབ་དང་མི་བསྲུབ་ཆོས་མི་གནས།། རིན་ཆེན་འོད་འབར་གསལ་བ་ལ།། གོལ་དང་སྒྲིབ་པང་ཆོས་མི་གནས།། རྫོགས་མེད་རང
242a5 གསལ་མེ་ཤེས་ལ།། ཕྱོགས་མཚམས་གཟུང་འཛིན་ཡེ་ནས་དཔེ།། ཛྭལ་ཐལ་རིན་ཆེན་ཕུང་པོ་ལྔ།། མརྫོགས་པ་ཡི་ཆོས་མི་གནས།། མཛའ་ད་བུས་མེད་པའི་གཞལ་པས་ལ།། ཚད་དང་དམྱིགས་པ་ག་ལ་ཡོད།། རྡོ་རྗེ་སེམས་དཔའ་གས་བ
242a6 ཝང་།། ཐོང་དགུ་བསྟན་པ་ཀུན་གྱི་བརྒྱད།། རིག་པ་རང་གསལ་མེ་ལོང་ནི།། ཐམས་ཅད་ཀུན་གྱི་རང་བཞིན་གནས།། ཞེས་གསུངས་ས།། ནམ་མཁའི་མཐའ་དང་མཉམ་པར་སྦྱོར་བའི་དྲུང་རྐྱེན་པོ་ལས། གྲོང་དང་རྗེ་དེའི་ལེའུ་ཏི་ཤུ་གཅིག་པའོ།།
242a7 དེ་ནས་སེམས་དཔའི་རྡོ་རྗེ་དམ་པས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱི་དགོངས་པའི་ཐུགས།། གྲོང་དབུའི་རིན་ཆེན་གསལ་བྱེད་ཕུང་།། བཀྲུས་པས་ངེས་པ་ཇི་ལྟར་གསལ།། བཅོམ་ལྡན་སྙིང་པོས་བཤད་དུ་གསོལ།། ཞེས་ཐུས་སོ།།




iiif viewer powered by OpenSeadragon

241b - 242b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po