| | e-texts navigator
|
241b1 བའི་གྲོང་།། བསྐྱེད་བྲལ་རིག་པའི་དཀྱིལ་འཁོར་ལ།། མཐའ་ཡི་ཞེན་པའི་ཆོས་བྲལ་ཞིང་།། བྱང་ཆུབ་སེམས་སུ་རང་གསལ་བས།། བསྐྱེད་བྲལ་རང་གས་ལ་དཀྱིལ་འཁོར་ཀློང་།། ཁམས་གསུམ་རིན་ཆེན་འོད་གདལ་ཏེ།། གཉིས་མེད་རྟོགས་པ་ས་ང
241b2 བསྒྱུར་ཞིང་།། རིག་པ་ཀུན་ཁྱབ་བརྡལ་བ་ནི།། རྒྱལ་ཐབས་སྤྱི་བླུགས་དབང་གི་གློང་།། བསྲུང་མེད་སེམས་ཀྱི་རང་བཞིན་ནི།། ལྷག་པའི་དམ་ཚིག་བཞི་ལ་གནས།། ཐིག་ལེ་ཉིད་ལས་མི་འདའ་བས།། བསྲུང་ཐལ་དམ་ཚིག་དད་མེད་ཀློང།
241b3 བྱ་བྲལ་འོད་གསལ་ཆོས་དབྱིངས་ལ།། ཕྲིན་ལས་རྩོལ་མེད་ལྷན་གྲུབ་པས།། འོད་གསལ་ཡེ་ཤེས་གྱོགས་རིས་མེད།། རྩོལ་མེད་ཕྲིན་ལས་མཆོག་གི་ཀློང་།། བསམ་མེད་དམིགས་བྲལ་ཆོས་དབྱིངས་ལ།། ཡེ་ཤེས་དང་གསལ་རིག་པའི་ཀློང་།
241b4 ཡོངས་པ་དགས་མ་རིག་པས་བཞག། བཙས་ཟེ་དགངས་ད།། འབ་བ་ལེནས་པངས་ས་།། གཞན་བྲིད་པའི་ཡུལ་དབྱུངས།། ལབ་ད་ས་ལ་གྲོད་བྱེ་།། སེམས་ཉིད་མཐ~ཾང་བྱེད་ལས་ད།། དེ
241b5 པོ་གསལ་བྱེད་ལྟར།། རིག་པ་རང་གསལ་ལྷུན་གྲུབ་ལ།། རྒྱུ་དང་རྐྱེན་ལས་མ་སྐྱེས་པ།། རང་བྱུང་འབྲས་བུ་ཡེ་ཤེས་ཀློང་།། ཀློང་དགུ་རིན་ཆེན་འཁོར་ལོ་ནི།། རང་གསལ་རིག་པའི་འོད་ལས་འཆར།། འཁོར་བ་མ་བཅོས་འོད་གསྔལ་ལ།།
241b6 གདོད་ནས་ཉེས་པའི་དྲི་མ་མེད།། སྤོས་བྲལ་ཡེ་ཤེས་གསལ་བ་ལ།། གཉིས་མེད་རིག་པའི་སྟོབས་ཀྱིས་འཇུག།། མན་ངག་གསར་བའི་འཁོར་ལོ་ནི།། ཀུན་ལ་བསྐོར་ཞིང་དབྱིངས་སུ་འདུས།། བརྗོད་བྲལ་ཆོས་ཀྱི་རང་བཞིན་ནི།། བརྗོད
241b7 ཀུན་གྱི་སྙིང་པོར་གསལ།། སྒྲ་བྲལ་རིག་པའི་བསྟན་པ་ནི།། ཇི་ལྟར་འདོད་པ་བཞིན་དུ་གསལ།། ཀློང་དགུ་བསྟན་པ་ཀུན་གྱི་སྤྱི།། རང་གསལ་མེ་ལོང་རྫོགས་པའི་ལུང་།། ཐམས་ཅད་ཡེ་ཤེས་རང་གསལ་བས།། སློབ་པའི་ཆོས
iiif viewer powered by OpenSeadragon
241a - 242a