e-texts navigator
Collection
Volume
Page
Wylie

23b1 ལ་ནི་རྣམ་པ་བརྒྱད།། དཀྱིལ་འཁོར་བསྐུར་གནས་འདག་ཚུལ་དང་།། གདམས་དག་བལྟ་སྤྱོད་དམ་ཚིག་དང་།། འབྲས་བུ་བསྟན་པ་ཉིད་དང་བརྒྱད།། དཀྱིལ་འཁོར་བླ་མའི་ཞལ་ལས་བྱུང་།། གནས་ནི་སློབ་མའི་སེམས་ལ་བསུང་།། སྒྲིབ་པ་སེམས་ཀྱི་སྒྲིབ་པ།
23b2 དག། གདམས་དག་ཡེ་ཤེས་ངོས་བཟུང་སྟོན།། བལྟ་བ་གཉིས་མེད་ཡེ་ཤེས་རྟོགས།། སྤྱོད་པ་དང་ཤུགས་དགག་བསླབ་མེད།། དམ་ཚིག་མཉམ་པ་ཆེན་པོ་བསྲུང་།། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅེན།།
23b3 ཡན་ལག་མེད་པའི་རྩིས་ལས་འདས།། དབང་བཞི་པ་ནི་དེ་དག་ལ།། རྒྱས་འདེབས་པ་ཡི་མན་ངག་སྟེ།། གཉིས་མེད་གཉིས་སུ་མེད་པར་སྟོན།། ཡང་དག་མཐའ་ལ་རྣམ་པར་གནས།། རང་རིག་འགག་མེད་འདུས་མ་བྱས།། པདེ་ཆེན་རང་བཞིན་དངོས་མེད་སྟོན།། མ་སྐྱེས
23b4 གསལ་བ་ཡེ་ཤེས་སུ།། དེ་ཡི་གནས་ལ་གོམས་པར་བྱ།། དབང་བསྐུར་བ་དང་རབ་ཏུ་གནས།། གོ་འཕང་བསྒོམ་དང་རིང་དུ་སྦྱིན།། བྱིན་བརླབ་ཅེས་བྱ་རྣམ་གྲངས་སོ།། དེ་ལ་དབང་འདི་བསྐུར་ཚུལ་དང་།། སློབ་མའི་སྣོད་དང་མོས་སྦྱར་ལ།། ཏིང་ངེ་འཛིན་ནི་རྡུལ་ཚོད
23b5 ལ།། བརྟེན་ཏེ་རིམ་མ་མ་ཅིག་ཅར་བསྐུར།། དབང་ཐོབ་རྐྱེན་ལ་རྣམ་བཞི་སྟེ།། བླ་མས་དབང་ཐོབ་ནུས་ལྡན་དང་།། སློབ་མ་དང་ལྡན་ཡོད་པ་ལ།། བླ་མ་མཉེས་པར་བྱས་པ་དང་།། དབང་གི་ཆོ་ག་ལེགས་པའོ།། དབང་གོ་ལས་ནི་སློབ་མ་ཡི།། དྲི་མ་དག
23b6 པར་བྱེད་པའོ།། བསྐུར་ཐབས་རྣམ་པ་བཞི་ཡིན་ཏེ།། ཕྱི་ལྟར་རྫས་ལ་བརྟེན་ནས་བསྐུར།། ནང་གི་རྫས་གཟུངས་བརྟན་ཏེ་བསྲུང།། གསང་པ་ཏིང་ངེ་འཛིན་ལ་བསྲུར།། མཐར་ཐུག་གདམས་དག་བརྟེན་ཏེ་བསྐུར།། དུས་ནི་སྡིག་པ་ལས་ཐོག་པ།། གསང་སྔགས
23b7 ཆོས་ལ་མོས་དུས་སོ།། དབང་རྣམས་འཛིན་པའི་རྟེན་དག་ནི།། དེ་མཚིག་ཡིན་ཏེ་ཉམས་ན་ཡལ།། དཔེ་ནི་ཀྱང་དང་རི་མོ་ལྟར།། དབང་རྣམས་བསྲུང་བའི་ཕན་པོ།། ནི།། གསང་སྔགས་སྣོད་དུ་རུང་བ་དང་།། དུས་འདི་ཚུན་ཆད་རྒྱལ་བའི་སྲས།། དབང་མ་བསྲུང་བའི་ཉེས་དམིས




iiif viewer powered by OpenSeadragon

23a - 24a

Texts on this page

Gdg005.2 - 'phags pa 'jam dpal gyi bshad rgyud rin po che'i phreng ba