e-texts navigator
Collection
Volume
Page
Wylie

239b1 ཐེག་པ་འདི།། མ་འོངས་དུས་ནི་ཇི་ལྟར་འགྱུར།། མགོན་པོས་བདག་ལ་བཤད་དུ་གསོལ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ།། ཐེ་སེམས་དཔའ་ཆེན་པོ། ནམ་མཁའི་མཐའ་དང་མཉམ
239b2 པའི།། རྫོགས་ཆེན་བྱང་ཆུབ་སེམས་ཀྱི་རྒྱུད།། ང་ཡི་དགོངས་པ་གསང་བའི་དོན།། ཡང་གསང་ཐུགས་ཀྱི་རྣ་བརྒྱད་འདི།། དགོངས་པ་རྣམས་ཀྱིས་ངེས་བརྒྱུད་ནས།། ལྷ་གནས་གསུམ་དུ་གྲགས་པར་འགྱུར།། དེ་ནས་ཐུགས་རྗེའི་སྤྲུལ་པ་ཡིས།
239b3 རྒྱན་གླིང་གི་དུར་ཁྲོད་དུ།། ཡང་གསང་ཕུག་ན་གནས་བཅས་ནས།། ཡ་མཚན་སྤྲུལ་པའི་ཆ་འཛིན་པས།། ཡང་སྦྲུལ་ཐུགས་ཀྱི་སྲས་བདུན་ལ།། རིགས་པའི་དཀྱིལ་འཁོར་སྒོ་རྩེ་ནས།། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ནས།། གསང་བའི་ལུང་འདི་སྟོན་པར
239b4 འགྱུར།། དེ་ནས་ཡང་སུལ་སྐལ་ལྡན་གྱིས།། འཛམ་གླིང་དབུས་སུ་རྒྱས་པར་འགྱུར།། ནོར་བུ་རིན་ཆེན་ལྟར་གྲགས་པས།། ཀུན་གྱི་འདོད་པ་བསྐངས་ཟིན་ནས།། སྐལ་ལྡན་རིག་ལྡན་རྟོགས་པ་ཅན།། སངས་རྒྱས་ས་ལ་གནས་པར་འགྱུར།། གང་ཞིག་རང་འདོད་རྟོག་པ་དང་།
239b5 མཚན་མའི་སྒྲ་ལ་ཞུགས་པ་དང་།། སྐལ་བ་མེད་པའི་མི་རྣམས་ནི།། ངན་འགྲོར་འཁྱམས་པ་ཉིད་འགྱུར་ནི།། སྐལ་ལྡན་སྤྲུལ་པའི་སྲས་འདུས་ནས།། མི་མངོན་དབྱིངས་སུ་སྲེད་པར་འགྱུར།། དེ་ནས་ཐུགས་རྗེ་བྱིན་རླབས་དང་།། དད་པ་ལས་འགྲོ་ལྡན་པ་ནི།། གཉིས་སུ་མེད་པར
239b6 མཐུན་པ་ཡིས།། མཐའ་འཁོབ་ཡུལ་དུ་སྣང་འགྱུར་ནས།། སྐལ་ལྡན་རིགས་བརྒྱད་འཛིན་པ་རྣམས།། རང་གསལ་རིག་པའི་དོན་གོ་ནས།། སངས་རྒྱས་ས་ལ་འགྲོ་བར་འགྱུར།། འདི་རྣམས་སྐལ་ལྡན་རྒྱལ་ཕྲས་ཏེ།། རིགས་སུ་ངེས་པ་ཉིད་དུ་འགྱུར།། རང་གསལ་རིང
239b7 པའི་གླེགས་པམ་འདི།། སྐལ་ལྡན་རིམ་པོ་བརྒྱད་བྱས་ནས།། གསང་བ་རིག་པའི་རྒྱལ་བཏབ་ནས།། འཕེལ་དང་རྔུབ་པར་མི་འགྱུར་རོ།། དེ་ནས་གསང་བ་འཆོལ་བ་ཡིས།། སྐལ་བར་ལྡན་དང་མི་ལྡན་པའི།། འདུས་པའི་ཚོགས་ལ་བཤད་པ་ཡིས།། མཐའ་འཇོ་བ་ལུང




iiif viewer powered by OpenSeadragon

239a - 240a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po