| | e-texts navigator
|
22b1 ཀྱི་ཉན་ཐོས་རྟོགས།། སྤྱོད་པ་དམ་རྫས་ལྔ་ལ་སྤྱོད།། དམ་ཚིག་རྩ་བ་གཅིག་ཉིད་དང་།། ཡན་ལག་དང་ནི་བཅས་པའོ།། འབྲས་བུ་མི་དང་ལྷ་གནས་སུ།། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཐོབ།། གསང་བའི་དབང་ལ་བརྒྱད་ཡིན་ཏེ།། རྒྱུ་དང་གང་ཟག་དགོས
22b2 ཆེད་དང་།། ཐོབ་པའི་རྟགས་དང་མཛེ་བ་རྟགས།། སྲིད་པའི་འདོད་ཆགས་སྤངས་མ་སྤངས།། ངེས་པའི་ཚིག་དང་བྱེ་བྲག་གོ།། དཀའ་ཐུབ་སྡོམ་པས་མི་གདུང་ཞིང་།། གསང་བའི་དོན་མོས་སྐྱེ་བའི་རྒྱུ།། གང་ཟག་སྡོད་དུ་མི་རུང་བ།། དགེ་སློང་བྲམ་ཟེ་རྐང་པོ་དང་།
22b3 དད་མེད་དམ་མེད་འདིར་མ་ཡིན།། དགོས་ཆེད་མོས་རང་གསང་ཐུབ་དང་།། གསང་བ་སྔགས་ཀྱི་བྱིན་རླབས་འབྱུང་།། གསང་མཆོག་རྒྱལ་པོ་འདི་ཐོབ་ན།། གང་ཟག་རྣམས་ལ་མི་བརྟེན་ཅིང་།། རྒྱུད་རྣམས་གཅོར་ལེན་བསྒྲུབ་ལ་གུས།། དགོན་པ་ལ་དགའ་བཟླས
22b4 བརྗོད་གྲེམས།། ཐེག་པ་དམན་ཡང་གཏོང་བར་བྱེད།། འདི་ནི་གསང་མཆོག་ཐོབ་པའི་ནགས།། དམན་པའི་སྦྱོར་བ་དང་དུ་ལེན།། གསང་བའི་དོན་ལ་སྲུར་པ་འདེབས།། གསང་བའི་གསང་མཚན་སྤོགས་ཤིང་གཞོ།། འདི་ནི་གསང་དབང་མ་ཐོབརྟགས།།
22b5 གསང་བའི་དབང་མཆོག་འདི་ཐོབ་པས།། པད་ལྟར་སྲིད་པའི་འདོད་རྒྱགས་སྤང་།། དངོས་གྲུབ་འབྱུང་བའི་གསང་དབང་དོ།། ཀུན་ལགསང་ཕྱིར་གསང་ཞེས་བྱ།། གསང་དབང་བྱེ་བྲག་དགུ་ཡིན་ཏེ།། དཀྱིལ་འཁོར་བསྲུང་གནས་དག་པའི་ཚུལ།། གང་མས
22b6 དང་ས་དང་བལྟ་བ་དང་།། སྨོད་པ་དམ་ཚིག་འབྲས་བུའོ།། དཀྱིལ་འཁོར་ཡབ་ཡུམ་མཁའ་ལས་བླང་།། བསྐུར་གནས་སློབ་མའི་ལྕེ་ལ་བྱུང་།། སྒྲིབ་པདག་གི་སྒྲིབ་པ་དག། གདམས་ངག་རང་བྱུང་ཡེ་ཤེས་སྟོན།། སྐལ་པས་བརྒྱད་ནོན་དང་མཚུངས།། བལྟ་བ་ཐེག་པ་སེམས
22b7 ཙམ་རྟོགས།། སྤྱོད་པ་སྦྱོང་སྤེའི་ལ་སོགས་པ།། གསང་བའི་མཛད་སྤྱོད་རྣམས་ལ་སྤྱོད།། དམ་ཚིག་ཉི་ཤུརྩ་བརྒྱད་བསྲུང་།། འབྲས་བུ་ཚོང་དབང་རིག་འཛིན་འཐོབ།། གསང་སྔགས་དོན་ཀུན་བསྐྱེད་པའོ།། ཤེས་རབ་ཡེ་ཤེས་རབང་མཆོག་ལ།། རྣམ་པ་བཅུག་ཅིག་ཤེས
iiif viewer powered by OpenSeadragon
22a - 23a