| | e-texts navigator
|
22a1 ཉན་མོངས་ཆུང་།། དབང་ཉིད་མཐོ་བརྟགས་དག་ཀྱང་།། གསང་བའི་མན་དག་ཏུ་ཚལ་བར་ན།། རྟང་པ་འདུན་ཀྱང་ནི་ཡང་ཟད།། རྡོད་སློབ་པད་ལ་སྤྱང་བྱེང་།། སློབ་མ་དང་ལྡན་དབང་ལ་མོས།། དགོས་པ་རྫས
22a2 ཚོགས་བསྲུང་བའི་དུས།། སྣོད་ངན་བྱུང་ན་སྦྱང་བའི་ཐབས།། སློབ་དཔོན་གྱིས་ནི་སྦྱིན་བསྲེག་དང་།། ཚ་ཚལ་སོགས་མདོ་ཡང་གདོན།། སློབ་མས་སྒྲིབ་པ་རྒྱན་གཅོད་གདོན།། ཕྱི་བཤགས་ནང་བཤགས་ཅི་ནུས་བྱ།། བུམ་པའི་དབང་གི་ངེས་ཚིག
22a3 ཀྱང་།། དབུ་རྒྱན་ལ་སོགས་རྫས་རྣམས་ཀུན།། གཅིག་པའི་ཕྱིར་དང་འདུས་ཕྱིར་དང་།། སྤྲོས་མེད་མཚོན་ཕྱིར་བུམ་པ་སྨོས།། དབྱེ་བ་ཕྱི་ནང་གསང་བ་གསུམ།། རང་ཤར་བརྡ་ཡི་བུམ་པ་གྱི།། རང་ལུས་རྟགས་ཀྱི་བུམ་པ་ནང་།། གསང་བ་ཆོས
22a4 ཀྱེ་བུམ་པའོ།། དབང་བསྐུར་སློབ་དཔོན་མཚན་ཉིད་ནི།། ལྟ་བ་མ་ནོར་གདོང་ལྡན་ཞིང་།། ཏིང་འཛིན་ལྷ་གསལ་རྒྱུད་ལ་མཁས།། ལས་དང་བྱ་བའི་ཐབས་ལ་མཁས།། གྲུབ་པ་བརྙེས་པས་དབང་བསྐུར་བྱ།། འདི་ལ་དཀྱིལ་འཁོར་དུ་ཞེ་ན།། བསྡུས་དང
22a5 འབྲིང་དང་ཤིན་ཏུ་རྒྱས།། བསྡུས་པ་ཡེ་ཤེས་སེམས་དཔའོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི།། མིང་ནི་ཡང་དག་བརྗོད་པའི་མཆོག། འདྲིང་ནི་རིགས་ལྔ་འཁོར་དང་བཅས།། ཕྱག་རྒྱ་བཞི་བཅུ་ཐམ་པའོ།། སངས་རྒྱས་སུ་ལྔའི་བདག་ཉིད
22a6 ཅན།། རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་།། སེམས་དཔའ་སེམས་མ་སྒོ་བ་དང་།། ཉན་ཐོས་འཇིག་རྟེན་གཙོ་བོ་དང་།། དཀྱིལ་འཁོར་རྒྱལ་པོ་འདི་རུ་འདུས།། དེ་ལ་དབང་གི་བྱེ་བྲག་ནི།། དཀྱིལ་འཁོར་གང་བླང་བསྲུང་ཐབས་གང་།། སྒྲིབ་པ་གང་དག་གདམས
22a7 ངག་གང་།། ལྟ་བ་སྤྱོད་པ་དམ་ཚིག་དང་།། འབྲས་བུ་དག་དང་བརྒྱད་ཡིན་ནོ།། དཀྱིལ་འཁོར་རྡུལ་ཚོན་ཉིད་ལས་བླངས།། བསྲུང་གནས་སློབ་མའི་སྤྱི་བོར་བསྲུང།། སྒྲིབ་པ་ལས་ཀྱི་སྒྲིབ་པ་དག། གདམས་ངག་བསྐྱེད་རིམ་གདམས་ངག་སྟོན།། ལྟ་བསྔག
iiif viewer powered by OpenSeadragon
21b - 22b