e-texts navigator
Collection
Volume
Page
Wylie

212a1 སྥོ་མུར་བྱུང་། འགྲོ་དྲུག་གཅིག་ལས་སོར་བསྡུས།། མཛོད་དགུ་རིག་པའི་གཏེར་ལ་བསླབས།། ཐིག་མ་ཡངས་ཀྱིས་ཐུར་པོ་ལ།། འཁོར་དང་མྱུ་འདས་ཡེནས་མེད།། འཁོར་བ་བྱང་ཆུབ་སྙིང་པོར།། སྡུག་བ
212a2 ཀུན་བཟང་རོལ་པར་ཤར།། དེ་ཉིད་སྤྲོས་མེད་ཐིག་ལེར་གསལ།། གསལ་ཡང་མི་མངོན་དབྱིངས་སུ་ཐིམ།། ཆགས་སྡང་གཏི་མུག་ང་རྒྱལ་དང་།། གང་ཕྱིར་ཕྲག་དོག་ཆེན་པོ་ནི།། བཙལ་མེད་ཡེ་ཤེས་ལྔར་གསལ་བས།། ཡེ་ཤེས་ཉི་ལྟར་ཀུན་ལ
212a3 པདལ།། འདོད་ལྔ་ཡུལ་ལྔ་ཀུན་གྱི་གསོས།། རང་བྱུང་ཐུགས་རྗེ་ཡོངས་ཀྱི་གསོས།། རང་གི་རོལ་བ་རར་ལ་སྣང་།། རིང་གི་ལོ་ངོས་སྤྱོད་རང་ལ་མཛད།། མ་རིག་འཐེབས་པའི་འགྲོ་བ་ལ།། སྡང་གསལ་སྒྲོན་མ་རང་བཞིན་འཆར།། འཁོར་བ་ཉིད་ན
212a4 སངས་རྒྱས།། སྡུག་བསྡུབ་ལོངས་སྤྱོད་བདེ་བའི་རྒྱན།། གདོད་ནས་ཡེ་ཤེས་རང་གསལ་ལ།། གཉིས་སུ་བཏིགས་པ་འཁྲུལ་པའི་ལམ།། སྐུ་དང་གསུང་ཐུགས་ཕྲིན་ལས་ཀུན།། རིག་པ་གསལ་བའི་དབྱིངས་ལ་གསལ།། མཁའ་ལ་བྱལ་མ་འདྲ
212a5 བ་ཡི།། ནམ་མཁའི་དབྱིངས་ཐི་མ་གསལ་མི་འགྱུར།། ཞིང་ཁམས་དབང་ཐོབ་རྫུ་འཕྲུལ་ཡང་།། མཉམ་ཉིད་རིག་པའི་གཏོར་ལ་རྫོགས།། མཛད་སྤྱོད་དགོངས་པ་མཐའ་ཡས་ཀྱང་།། རང་གསལ་ཡེ་ཤེས་དཔལ་གནས།། རང་བཞིན་གཉིས་མེད་མཐ
212a6 ལྷར་བརྡལ།། མཛད་པའི་བྱིན་རླབས་སྐར་ལྟར་བཀྲམ།། ཐུགས་རྗེའི་བྱིན་རླབས་འདི་ལྟར་བརྡལ།། རང་གསལ་དང་ལ་འདུ་འཐལ་མེད།། རིག་པའི་ཡེ་ཤེས་རྟག་གཅིག་ལ།། བྱིན་རླབས་ཡིད་བཞིན་ནོར་བུ་ལྟར།། འགྲོ་དྲུག་རང་སྡང་འཁོར་ཚོགས
212a7 ལཾ།། འབྲས་ཐུན་མ་མཔའི་ཆར་བཞིན་པ་བ།། གཉིས་མིད་གཅིག་གི་ང་བཞིན་ལ།། ཇི་སྟེར་བརྟགས་པས་མ་འབྱུང་བས་ནི།། རང་གསལ་ཟེ་ལོང་ངོད་ཅི།། ཡུལ་འད་གསལ་བའི་དབྱིངས་སུ་རྫོགས།། ཡ་ནས་བྱང་ཆུབ་སྙིང་པོ་ལ།། ཡིན་མན་གས




iiif viewer powered by OpenSeadragon

211b - 212b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po