e-texts navigator
Collection
Volume
Page
Wylie

211b1 འབབས།། རྣམས་པའི་ཀློང་བངས་ང་བཞིདང།། བརྗོད་མང་གྲོང་ལ་ཐམས་ཅད་ངོགས།། གསལ་བཉི་མའི་སྙིང་བསྐྱེད།། རང་གསལ་བྱིན་ནུབས་དབྱིངས་སརྫོགས།། འད་འབྱུང་རིན་ཆེན་ཕུང་བ་ལྟར།། ཕྱོགས་རིས་སུ་མདའ་ཕངས་ཀྱི་གཏར།། རྣལ
211b2 ཆེན་རྫོགས་པའི་སེང་གེ་ལྟར།། རྩོལ་བསྲུབ་ཟིལ་གནོན་གཅིག་ཏུ་རྫོགས།། འཕུར་སྐྱེན་མཁའ་ལ་འགྲོ་བ་ལྟར།། བགྲོད་མེད་ས་རྣམས་ཅིག་ཆར་ནོན།། གཟའ་བྲལ་རིག་པའི་དབྱིངས་སུ་རྫོགས།། ཐམས་ཅད་གསལ་སྣང་རིག་པར་རྫོགས།། མཁའ་ལ་གཟ
211b3 སྐར་བཀྲམ་པ་ལྟར།། མ་འདྲེས་རང་གསལ་དབྱིངས་སུ་རྫོགས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། མ་བཅོས་ཇི་བཞིན་རིག་པའི་ཀློང་།། ཤེས་པར་གྱིས་ལ་རང་དགར་ཞོག། སྤྲོས་མེད་རྒྱུ་རྐྱེན་རྟེན་བྲལ་བ།། ནམ་མཁའ་རང་བྱུང་སྟོབས་པོ་ཆེ།།
211b4 བྱུང་གཞན་མེད་རང་གི་དབྱིངས།། གང་ལྟར་བཞག་པ་དེ་ལྟར་ཡིན།། རང་གསལ་ཉི་མ་ཀུན་ལ་སྙོམས།། མཐའ་བྲལ་ནམ་མཁའི་སྙིང་པོ་ལྟར།། གསལ་ལ་བརྟགས་ན་དམིགས་དང་བྲལ།། མིག་ཡོ་འཛིན་བྲལ་མཉམ་ཉིད་གཏེར།། རང་བྱུང་བསྟན་པ་རང་ལས
211b5 འཆར།། རང་གསལ་འཁོར་ལོ་རང་ལ་བསྐོར།། རང་གསལ་ཉི་མ་ཀུན་གྱི་གཏེར།། ཀུན་ལ་གནས་སོ་བརྟག་བྲལ་དབྱིངས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས།། རིན་ཆེན་ཤེས་བྱ་གཏེར་གྱི་ལེའུ་སྟེ་བཞི
211b6 པའོ།། ། དེ་ནས་སེམས་དཔའ་རྡོ་རྗེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། རང་གསལ་ཉི་མ་འོད་ཀྱི་མཆོག། མཛོད་དགུ་རིག་པའི་གཏེར་དང་ལྡན།། ལྷུན་གྲུབ་བྱ་བྲལ་རྫོགས་ལུང་ལས།། མཛོད་དབུས་འདོད
211b7 ཆར་ཕོབ་ལ།། ཉོན་མོངས་ཡེ་ཤེས་གཅིག་ཏུ་སྣང་། གཅིག་ལ་དགུར་ཕྱེ་བཤད་དུ་གསོལ།། དེ་ནས་རྡོ་རྗེ་སེམས་དཔའ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་སེམས་དཔའ་ཆེན་པོ།། ཐིག་ལེ་གཅིག་ལ་གཉིས་སུ་ཀྱེ།། དབེན་པ་གཅིག་ལ




iiif viewer powered by OpenSeadragon

211a - 212a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po