e-texts navigator
Collection
Volume
Page
Wylie

211a1 སྐྱེས་བུའི་བློ་དང་མཚུངས།། གསལ་བ་དང་པོ་མམྦྷས་མཐའ།། སྦས་ནམ་སྦས་དོན་དང་ཐལ།། མཐའ་དབུས་བྲལ་བའི་རྣ་པོན།། རྫོགས་པ་ཐུག་ཕྲད་ཡིན་པར་གསུངས།། ཙལ་གང་སྡང་དུས་དེན།། མ་བཙལ་དས
211a2 སྣང་མི་རྟོག་ལུང་།། ཉམས་བརྗོད་ཀུན་བྲལ་ཡེ་ཤེས་ཏེ།། བུ་མོ་དགའ་བའི་རོ་བཞིན་ནོ།། ཡེ་ཤེས་མཉམ་རྫོགས་ཆ་གཅིག་ལ།། སྐུ་གསུང་ཐུག་ཕྲད་མན་དག་གསལ།། ཡུན་ཀྵང་ཡེ་ཤེས་རང་གསལ་ཏེ།། དུས་ཚེང་ཐ་མའི་ཞལ་ལས་ཤེས།
211a3 ཐབས་སྦྱོར་མན་ངག་བཅུ་གསུམ་པོ།། གང་ལ་འདུལ་བའི་ཐབས་སུ་བསྟན།། སོ་སོ་རང་རིག་ངོས་བསྟན་པ།། མཁྱེན་ལྡན་ཐ་མའི་ཞལ་ལས་བཤེས།། ཐབས་ཀྱི་རིམ་པ་གང་དང་གང་།། ཇི་ལྟར་ཡིན་པ་དེ་ལྟར་འཇུག། འདོད་འགྱང་རིན་ཆེན་འཕྲུལ
211a4 དབྱིག། རྩོལ་མེད་གནས་པས་ཐོབ་པར་འགྱུར།། ངོ་བོ་དང་གསལ་དམིགས་མེད་དེ།། རང་གསལ་ཆོས་དབྱིངས་བརྗོད་བྲལ་དང་།། ཡུལ་མེད་མཐའ་བྲལ་དང་བྱུང་ཀློང་།། གཉིས་མེད་རིག་པ་གཅིག་ལ་རྫོགས།། རིག་པའི་འཁོར་ལོ་གསལ་བའི
211a5 གཏེར་།། འདུ་ཤེས་ཐལ་བས་དབྱིངས་སུ་རྫོགས།། ཏིང་འཛིན་ཡངས་མེད་ཚིག་རྫོགས་ལ།། གངས་དང་གཅིག་གི་འཛིན་མི་འཇུག། མ་བཅོས་སྒོ་ཐལ་མཉམ་ཉིད་ལ།། ཚོགས་རིས་འཛིན་ཏོག་གདོད་ནས་སྟོང་།། མཐའ་བྲལ་རང་གསལ་སྙིང་པོ་ལ།
211a6 བསྒོམ་དང་མི་བསྒོམ་འདུ་ཤེས་བྲལ།། རང་རིག་རང་གསལ་རྫོགས་ལུང་ལ།། གཉིས་པའི་འདུ་ཤེས་རྣམ་པ་བཅད།། བརྗོད་པལ་རང་གསལ་རིག་གསུང་ལ།། བརྗོད་དང་མེ་བརྗོད་འདུ་ཤེས་སྤངས།། ཕྱོགས་མེད་རང་གསལ་ཡེ་ཤེས་ལ།། འདུ་ཤེས་མི་མང
211a7 གཅིག་གི་གཏེར།། རརིགས་ལ་འབྲས་རྫོགས་སྙིང་པོ་ལ། དངོས་སུ་ཏི་བའི་འོད་ལྟར་འཆར།། མེ་ཁྱེར་བྲལ་གཟིགས་མེད་ཡེ་ཤེས་སུང།། དགོངས་མེད་སྙིང་པོའི་དོན་ལ་གཟིགས།། མ་འདྲེས་མཁྱེན་པའི་སྙིང་པོ་ལས།། འདོད་དགུའི་བྱིན་རླབས་ཆང་དུ




iiif viewer powered by OpenSeadragon

210b - 211b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po