e-texts navigator
Collection
Volume
Page
Wylie

20a1 བཅུ་གཉིས་ཏེ།། མདོ་དང་དབྱངས་དང་ལུང་དུ་བསྟན།། ཚིག་བཅད་ཆེད་བརྗོད་གླེང་གཞིའི་སྡེ།། རྟོགས་བརྗོད་དེ་བྱུང་སྐྱེས་པའི་རབས།། རྒྱས་དང་རྨད་བྱུང་གཏན་ལ་ཕབ།། ཡན་ལག་བཅུ་གཉིས་སྐྱེད་རྩ་བཏོན།
20a2 བསྡུས་པ་སྡེ་སྟོད་གསུམ་དག་སྟེ།། མདོ་རྗེ་འདུལ་འི་ཆོམ་མངོན་ན།། དེ་ཡང་རྣམ་པ་བཞི་ཕྱིན་ཏེ།། གང་གསུང་གང་རྗེ་གང་གཕྱིར།། ཚུལ་ནི་ལྟར་བསླུས་པའོ།། གདོན་བརྡུང་དང་གཉིས་བཤུད་པའོ།། གང་དུ་སྡེ་སྟོང་གསུམ་དུ།། གང་ཀྱི
20a3 རྣམ་པ་གསུམ་ཡིན་ཏེ།། གཉེན་པོའི་དོན་ཕྱིར་གསུམ་ཉིད་དང་།། བསླབ་གསུམ་རྒྱུད་ལ་སྐྱེ་ཕྱིར་གསུམ།། ཆོས་དང་ཆོས་ཕྱིར་བསྡུ་བ་གསུམ།། བསྡུ་ཚུལ་ལ་ནི་རྣམ་གཉིས་ཏེ།། དོན་དང་ཚིག་གི་སྒོ་ནས་སོ།། དོན་ལ་རྣམ་པ་གསུམ་བཤད་དེ།།
20a4 བསྒོམ་པ་གཙོར་སྐྱོན་མོདོ་ཡི་སྟེ།། བསྲུང་སྡོམ་གཅོད་སྟོན་འདུལ་བ་ཡིན།། ལྟེ་བ་གཙོར་སྐྱོན་མངོན་པ་ཡིན།། ཚིག་བསྐུ་རྣམ་པོ་གསུམ་ཡིན་ཏེ།། ཐུག་པ་ཚེ་ཆུང་ཐུན་མོང་གསུམ།། མདོ་སོགས་རིམ་ལྔ་མདོ་པ་སྟེ།། དེ་རྗེས་རྣམ་བཞི་འདུལ་བ་སྟེ།།
20a5 ཐ་མུ་གསུམ་ནི་མངོན་པའོ།། དོན་ཐེག་པརྗིང་དུ་ཡིན།། རྒྱས་དང་རྦ་དཔུང་མེད་གྱི་སྡེ།། མདོ་ས་གོས་སུ་ནི་འདུལ་བ་ལ།། གཏན་ལ་ཕྲབ་པ་མངོན་པ་སྟེ།། དེ་ནི་ཐེག་པ་ཆེན་པོའི་གཞང།། དང་པོ་ལྔ་ནི་མདོའི་སྟེ།། དེ་རྗེས་དྲུག་ནཱི་འདུལ་བ་ཡིན།།
20a6 མངོན་པ་ཐུན་མོང་གཞུང་།། ཐེག་པ་མཆོག་གསུམ་སྟོན་པ་པོ།། གང་ཟག་བློ་ཡི་རིམ་པ་གཉིས།། ཐེག་ཆེན་ཐུན་མོང་མ་ཡིན་པའི།། དབང་དུ་རྣས་ཏེ་བཤད་པ་ལ།། མཚན་ཉིད་རྒྱ་ཡི་ཐེག་པ་དང་།། འབྲས་བུ་རྡོ་རྗེ་ཐེག་པའོ།། ཐེག་པ་གསུམ་གྱི་ངེས
20a7 འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས།། དེ་ལ་ཡང་ནི་ལྔ་ཡིན་ཏེ།། སུ་གསུང་ཐུགས་དང་ཡོན་ཏན་ལས།། འདི་ནི་འཇམ་དཔལ་སུ་ཡཾ་སྦྱར།། ཟབ་དང་རྒྱ་ཆེའི་ལམ་དང་འབྲས།། ཁྱད་པར་བཤར་ལུགས་བཞི་པས་བཤང་།། ཐུན་མོ




iiif viewer powered by OpenSeadragon

19b - 20b

Texts on this page

Gdg005.2 - 'phags pa 'jam dpal gyi bshad rgyud rin po che'i phreng ba