| | e-texts navigator
|
209b1 དབུས་མེད་པའི་དཀྱིལ་འཁོར་ལ།། མུགསུ་མ་རང་ཤར་བསམ་མི་ཁྱད་།། མཐངའ་བྲལ་ནམ་མཁའ་སྙིང་པོ་ལྟར།། ཐིགལ་རང་གསུང་རྫོགས་པར་གསལ།། རང་བྱུང་རང་ཤར་རང་ལ་རྫོགས།། ཉ་མ་ཛོད་དང་སྙིང་པ་རྒྱར།། ངཤེས་རྫོགས
209b2 པ་ལ།། འབྲས་བུ་གྲངས་འདས་མཁའ་ལྟར་སྦྱིན།། རང་ཟུང་ཡོ་བྱད་མཆོད་པ་ཡིས།། ལྷུན་གྲུབ་རང་གསལ་དབྱིངས་སུ་དྲི་མ།། ཕྱོགས་བྲལ་ལྷུན་གྲུབ་མཆོད་པ་འདིས།། ཀུན་མཁྱེན་རང་གསལ་ཉིད་དུ་མཉེས།། གབ་པ་མངོན་གྱུར་དོན་འདི་ལ།། སོག
209b3 ཚུལ་རིམ་པར་ངོས་བཟུང་ནས།། རྒྱལ་ཐབས་སྤྱི་ཐུགས་དབང་བསྐུར་ནས།། སེམས་ཉིད་རིན་ཆེན་རྟོགས་བྱའི་ཕྱིར།། དེ་ཉིད་བལྟ་བས་ཐག་བཅད་བཤད།། དེ་ཉིད་མ་ཡེངས་གོམས་བྱའི་ཕྱིར།། བརྡ་དོན་ཕྲལ་བའི་མན་ངག་བཤད།། ཅི་སྤྱད་སྟོངས
209b4 གྱུར་ཆེད་མེད་པ་དོ།། ཐང་སྦྱིན་ནུར་ཐུགས་ནི་ན་ཤཱ་ཤཱ་ད་དེ།། གྲོང་ད་འདུས་པའི་ག་ད་ཏེ།། རྒྱུད་ངན་གཏན་པ་དབ་བ་པ་ག། ཤང་པར་བྱམ་ན།། གླང་དུ་རྗེ་ད་ཀྱི་འས།། ཉིད་ལ་འཆད་ད་ཀྱིས་འབྲེལ།།
209b5 མེད་ཐེབ་ཆེན་གང་ཟབ་ལ།། ཛིག་རྣལ་རིག་པའི་འཁོར་ལོ་སྐོར།། ཞེས་གསུངས་སོ།། ནམ་མཁའི་མཐར་དང་མཉམ་པའི་རྒྱུད་ཆེན་པོ་ལས། བཤད་པའི་རྗེ་མིག་གིས་ཀློང་དབ་དབྱེ་བའི་ལེའུ་སྟེ་གསུམ་པའོ།།
209b6 དེ་ནས་སེམས་དཔའ་རྡོ་རྗེ་དེས། རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ་པོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་གཏེར་འཆང་བ།། ཡེ་ཤེས་མཛོད་ལྡན་གཉིས་མེད་རྫོགས།། རང་གསལ
209b7 ཐམས་ཅད་མཁྱེན་ཉིད་དང་།། མགོན་པོ་ཁྱོད་ལ་གསོལ་པ་ནི།། ངོ་བོ་ཐབས་ཀྱི་མཚན་ཉིད་དེ།། རྣམ་གྲོལ་རིག་པའི་གཏེར་ཁ་དག། མགོན་པོས་བདག་ལ་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས
iiif viewer powered by OpenSeadragon
209a - 210a