e-texts navigator
Collection
Volume
Page
Wylie

209a1 མ་བསྒྲུབས་རང་འཆར་ལ།། ཅིར་སྣང་རང་ལས་སྨིན་པའི་ཕྱིར།། ཤིང་ཏོག་ཨ་མྲ་ལྟ་བུར་བཤད།། རང་བྱུང་ཐེག་པའི་རྒྱལ་པོ་བ།། ཟིལ་གནོན་མ་བགྲོད་ཀུན་སོན་པས།། མཁའ་ལ་བྱུང་འཕུར་ལྟ་བུར་བཤད།། མཐའ་བྲལ
209a2 རང་བྱུང་རྫོགས་ལུང་ལ།། མཐའ་ཡི་ཞེན་པ་ཟིལ་གནོན་པས།། སེང་གེའི་སྒྲ་སྒྲོགས་ཅི་ལྟར་བཤད།། ཀུན་བཟང་འཁོར་ལོའི་རིམ་པ་ལ།། གནང་བཀག་ཡོད་མེད་ཀུན་བྲལ་བས།། ཀུན་བཟང་སྤང་ལེན་མེད་ལྟར་བཤད།། ཆོས་ཀུན་རང་རིག
209a3 སེམས་ཉིད་ལ།། སེམས་ཉིད་གདོད་ནས་གདག་པས།། རིན་ཆེན་གསེར་གླིང་ལྟ་བུར་བཤད།། ཐུན་མོང་མིན་པའི་རྫོགས་ཆེན་གསུམ།། བཙལ་མེད་ལམ་མེད་སྤྱི་གཞུང་ཉིད།། གྲུབ་པ་མངོན་བྱུང་མ་ནང་ག་གོ།། ལྟ་བ་རང་གསལ་གཟའ་གཏད་བྲལ།།
209a4 མཐོང་མེད་པང་གསལ་ཡེ་ཤེས་སྤྱན།། གསལ་ལ་མཁྱེན་པ་སྒྲིབས་མཐའ་དང་བྲལ།། རང་གསལ་རིག་པའི་དབྱིངས་སུ་རྫོགས།། སྤྱོད་བྲལ་ཀུན་བཟང་རོལ་པ་འདི།། རོལ་བ་འགག་མེད་རང་འཆར་རྫོགས།། མ་བཅོས་སྙིང་པོར་སྤྱོད་པས་ན།། མཐའ
209a5 དབུས་མེད་པའི་གྲོང་དུ་རོལ།། རྒྱལ་ཐབས་སྤྱི་བླུགས་དབང་གི་མཆོག། མ་བསྐུར་རང་རྫོགས་ཀུན་ལ་གསལ།། དུས་གཅིག་ཡེ་ཤེས་རིག་པ་འཆར།། དུས་ཚོད་བླ་མའི་ངག་ལས་བརྟགས།། ཐིག་ལེ་ཆེན་པོའི་དམ་ཚིག་འདི།། རིན་ཆེན་ཀུན་བཟང་སེམས
209a6 ལ་གནས།། བསྲུང་དུ་མེད་པའི་དམ་ཚིག་ལ།། མི་བསྲུང་ཕྱོགས་དང་བྲལ་བར་གནས།། ཡེནས་ཀུན་ཐུབ་རང་བྱུང་གིས།། ཕྱོགས་རིས་མེད་པར་གང་ལ་ཟིན་པས།། ཕྲིན་ལས་བྱེར་མེད་མཐའ་བྲལ་ལ།། བྱར་མེད་རྫོགས་པའི་ཡེ་ཤེས་གསཔ།
209a7 ཀླ་ཀ་ཡི་ནོར་བུའམ།། འཇིག་རྟེན་འོད་ཀྱི་རྒྱལ་པོ་ལྟེང་།། བྱིན་རླབས་ཐུགས་རྗེ་དང་ཤད་ལ།། བཙོན་པོས་བསྒྲུབ་ཅིང་བཙལ་དུ་མེད།། རེ་ཤེས་རང་གསཔ་ཏིང་འཛིན་དདེ། མ་ཡེངྒེ་རེང་གསལ་སྤུན་གྲུབ་ལ།། འཚལ་ཞིང་ཡེངས་པ་རྣམ་པར་གཅད།། བེ་ཤེས་སྙིང་པོ་རང་གས་པ་ཀུན། མཐའ




iiif viewer powered by OpenSeadragon

208b - 209b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po