e-texts navigator
Collection
Volume
Page
Wylie

208a1 དབྱིབས་དང་བྲལ།། རྣམ་མཁང་མཐའ་དང་མཉམ་པའི་ཆུད།། གསང་བ་ཀུན་འདས་གཏད་འདི་ཉིད།། བཤད་ཐབས་གསམ་རྫོགས་རྒྱན་གསམ།། གན་ལམ་འདས་ཅུར་རྡུལ་དུ་གནས།། དགངས་པ་ཀུར་སྦྱིན་གྲགས
208a2 པས།། དགོངས་པ་ཀློང་བརྡོལ་ཚུལ་དུ་བཤད།། མན་ངག་རྩ་བ་འདིར་འདུས་པས།། མན་ངག་ཞལ་ཚེམས་སྔགས་ལྟར་བཤད།། ཀློང་དགུའི་རྩུ་བ་སེམས་ཉིད་ཀློང་།། སེལ་མེད་རྒྱ་མཚོའི་གླིང་དུ་བཤད།། ཀུན་བཟང་སེམས་ཉིད་སྟོང་གསལ
208a3 ལས།། རང་བྱུང་རོལ་པ་མི་འགག་པས།། མཁའ་ལ་གཟའ་སྐར་བཀྲམ་ལྟར་བཤད།། མཁའ་ཁྱབ་སེམས་ལྲྀང་ཀུན་གྱི་མཆོག། ཡིན་ཕྱིར་སྤྱི་དོན་ལྔ་ཡིས་བཤད།། རྒྱུད་ཀུན་འདུས་པའི་མཆོག་ཡིན་པས།། ཕུན་སུམ་ཚོགས་པ་ལྔ་ཡིས་བཤད
208a4 ཐ་མ་ཤེས་བྱའི་ངོ་བོ་ལ།། ཐུན་མོང་ཐུན་མོང་མིན་པ་སྟེ།། ཐུན་མོང་ཁྱད་པར་གྲགས་ཚུལ་ཉིད།། གྲགས་པ་གོལ་ཞིང་བསྒྲིབས་པ་སྟེ།། ལྟ་སྤྱོད་ཏིང་འཛིན་དམ་ཚིག་དང་།། བསྲུབ་དང་ཕྲིན་ལས་དབང་མཆོད་དང་།། དཀྱིལ་འཁོར་ས་ལམ་འབྲས་བུ
208a5 བཅུ།། མ་ཤེས་བདག་འཛིན་གཟུང་འཛིན་དང་།། ཡང་དག་བདེན་ལ་རིས་འབྱེད་དང་།། ངག་དང་གཉིས་སྤྱོད་གཙང་སྨེ་དང་།། བླང་དོར་སྒྲིབ་པས་བཅིངས་པ་ཀུན།། ལམ་གོལ་ལམ་སྒྲིབ་གོལ་སྒྲིབ་བྱུང་།། ཡེ་ནས་རང་གསལ་གསང་རྫོགས་ལ།། མཐོང
208a6 དང་མ་མཐོང་གཉིས་སུ་ཕྱེ།། ཡེ་ནས་དམིགས་མེད་རང་གསལ་ལ།། བདག་དང་གཞན་དུ་བཟུང་བས་བཅིངས།། སྐྱེ་འཇིག་བྲལ་བའི་རྡོ་རྗེ་ལ།། རྒྱ་འབྲས་འབྲེལ་པར་བཟུང་བས་ནོར།། དངོས་པོ་གཉིས་མེད་རྫོགས་ཆེན་ལ།། ཐ་དད་བརྟགས་པོ་ལོག
208a7 པའི་ལམ།། གཉིས་མེད་རང་རིག་གཏེར་འདི་ལ།། བདེན་གཉིས་བྱེ་བས་གཅིག་དང་འགལ།། རང་གསལ་དམིགས་མེད་སྟོང་ཉིད་ལ།། ཡང་དག་བསྒྲུབས་པས་དམིགས་མེད་འགལ།། འཆིང་བྲལ་ལྟ་བ་གཟའ་གཏད་མེད། གཟའ་གཏད་བྲལ




iiif viewer powered by OpenSeadragon

207b - 208b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po