e-texts navigator
Collection
Volume
Page
Wylie

207b1 སློབ་པ་རང་གསལ་བས།། རང་བྱུར་མའི་དཀྱིལ་འཁོར་གསལ།། བྱ་བྲས་རྫོགས་པའི་ལུང་དུ་བཤད།། རང་རིག་ལ་ཤེས་མཁྱེན་ལྡན་པས།། གཉིས་མེད་སྙིང་པོར་རྫོགས་པ་རྟོགས།། རང་གསལ་ཡེ་ཤེས་རྫོགས་པར་ལྡན།། རིག་པ་དང
207b2 ཉམས་སུ་ཤར།། རང་བྱུང་འོད་ཀྱི་དཀྱིལ་འཁོར་ལ།། འཕྲུལ་ཡིག་རེག་པའི་བརྡ་སྤྲད་པས།། སྐྱེ་མེད་དབྱིངས་ཀྱི་བརྡ་དོན་མཛལ།། བཙལ་མེད་ཚོགས་ཆུང་དོན་པོ་ཆེ།། རང་བྱུང་ཡེ་ཤེས་རིན་ཆེན་གཏེར།། སྒོ་མང་འདུག་ཐབས་བསམ་མི་ཁྱབ།། རྟོགས
207b3 ན་གཅིག་ཏུ་གནས་པའི་དོན།། རྟོགས་པ་ཐབས་ཆེན་བརྒྱུད་པའི་ལུང་།། རང་གསལ་ཉི་མའི་འོད་ལྟར་འཆར།། མཁའ་ཁྱབ་རིག་པའི་ཀློང་དུ་སོན།། ར་བྱུང་རླིག་པ་རང་གསྔལ་འདི།། མཁའ་ཁྱད་བྱང་ཆུབ་སེམས་ཀྱི་ལུང་།། རྡོ་རྗེ་སེམས་དཔའི་ཐུགས
207b4 དཀྱིལ་ནས།། རིག་པའི་ཁུ་ཟུག་དགུ་སྩོགས་པ།། སེམས་ཉིད་རང་གས་ལ་མཐོང་བྱའི་ཕྱིར།། ཀློང་དགུབ་མ་པོ་ཏཱི་གསལ།། དེ་ཉིད་དབུ་ལྡན་སེམས་ཀྱི་གཞི།། རིན་ཆེན་ཕུང་པོ་འཕྲུལ་གྱི་བློ།། རིན་ཆེན་ཕུང་པོ་གཏེར་ཁྱིམན།། ཉི་མའི་འོད
207b5 ལྟ་ཡེ་ནས་གནས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཡེ་ཤེས་རང་འཆར་གྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་བ་བཏབ
207b6 རྒྱལ་བའི་རྒྱལ་བ་ཀུན་གྱི་མེས།། གསད་པའི་ཡང་གསང་བྱང་ཆུབ་སེམས།། རིན་ཆེན་ཁང་ལ་སྒོ་མང་དག། རང་གསལ་སྒོ་ནས་རྟོགས་བྱའི་ཕྱིར།། བདེ་ཆེན་རྩོལ་བྲལ་སྙིང་པོ་ལ།། བཤད་ཐབས་བཤད་བྱ་འབྲས་བུའི་དོན།། རང་གསལ
207b7 རིག་པའི་དོན་དུ་རྫོགས།། ཁྱབ་བདག་འཆང་ཆེན་བཤད་དུ་གསོལ།། ཞེས་གསོལ་ཏོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་སེམས་དཔའ་ཆེན་པོ། ཡི་གེ་མེད་པ་མཆོག་གི་རྒྱུད།། བྲིང་མེད་ཁ་དོག




iiif viewer powered by OpenSeadragon

207a - 208a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po