e-texts navigator
Collection
Volume
Page
Wylie

207a1 ཚྭ་ལྡན་པའི་རྒྱ་མཚར་བཤད།། དེ་ལྟར་གཉིས་མང་རྟོགས་བྱའི་ཕྱིར།། རྫོགས་ཆེན་གཞུང་ལ་ངས་ཐོས་པས།། ཐོས་པ་ཟླ་བ་ལྟ་བུར་བཞད།། དོན་ལ་སྤྱོད་པས་ངེས་མ་ཛེས།། སྐར་ལེན་བསམ་པ་སྐར་མ་ལྟར།
207a2 པར་གསལ་སྙོམས་འདུ་ཤེས་བྲལ།། བསྒོམ་པ་ཉི་མ་ལྟ་བུར་བཤད།། མཚན་ཉིད་གང་ཡང་མ་སྤངས་པས།། རང་གསལ་ཡེ་ཤེས་སྙིང་པོར་རྫོགས།། གདོད་ནས་སྟོང་པའི་རང་བཞིན་ནི།། འདུ་ཤེས་བྲལ་བའི་དབྱིངས་སུ་རྫོགས།། ཅི
207a3 ནོ་གང་ཡང་རུང་།། མ་བཀག་སེམས་ཀྱི་ཁྱད་པར་ལས།། བཀག་པ་མེད་དེ་དང་གསལ་དབྱིངས།། གཅིག་ཀྱང་མ་འདྲེས་ཐ་དད་གསལ།། སྣང་ཡང་ཞེན་པ་རྣམ་པར་བཅད།། དམིགས་ཀྱང་བཙལ་བའི་ཡུལ་དང་བྲལ།། ཡེ་ཤེས་སྙིང་པོའི་ཉི།
207a4 འཆར།། རིན་ཆེན་ནོར་བུའི་ཁང་པ་བཞིན།། ཅི་ཡང་གསལ་ལ་ཅི་ཡང་མིན།། ཕྱོགས་སུ་མི་སྣང་མཉམ་ཉིད་པས།། གང་ལྟར་བལྟས་པ་དེ་ལྟར་སྤང་།། ནམ་མཁའི་མཐའ་ལྟར་མཉམ་སྦྱོར་བས།། ཚད་དང་ཟླ་དང་དཔེ་ལས་འདས།།
207a5 མའི་སྙིང་པོ་འབར་བ་བཞིན།། མཐའ་ཡི་སྒྲིབ་པ་བྲལ་བའི་ཚད།། ཡེ་ཤེས་གསལ་ལ་མི་འགག་པས།། ཕྱོགས་ཀྱི་ངེས་པ་མི་གནས་པར།། ཅིང་ཡང་ངེས་པར་འཆར་པའི་ཕྱིར།། འཕྲུལ་གྱི་མེ་ལོང་གསལ་བའི་ཚད།། སེམས་ཉིད་རིན་ཆེན
207a6 ལ།། ཞེན་སྣང་བཏགས་པ་ཀུན་བྲལ་བས།། ཉི་མ་འབུམ་གྱི་འོད་ཟེར་བཞིན།། རང་ལས་བྱུང་བ་རོལ་པའི་ཚད།། ནམ་མཁའི་མཐའ་དང་མཉམ་སྦྱོར་བས།། ཆེ་ཆུང་ཚད་ལས་འདས་ལ་ལ།། འཛིན་པོ་ནམ་མཁའི་མཐའ་ཚོལ་འདྲ།། ཕྲ་བའི་ཕྲ་བ་ཉུང་འཇུ
207a7 འབྲུ་ཡིས་མི་བསྲུན་ཕྲ་བའི་ཚལ།། མཁྱེན་ལྡན་ཡེ་ཤེས་སྙིང་པོ་ཡིས།། གང་ཡང་མི་མཁྱེན་རང་གསལ་མཁྱེན།། མཐའ་དང་དབུས་སུ་མི་དམིགས་པས།། ནམ་མཁའི་མཐའ་དང་མཉམ་པར་མཁྱེན།། ཡེ་ཤེས་རང་གསལ་རྫོགས་ཚུལ་ལ།། མཐའ




iiif viewer powered by OpenSeadragon

206b - 207b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po