e-texts navigator
Collection
Volume
Page
Wylie

206a1 རྒྱུད།། རྒྱལ་བ་ཀུན་གྱི་དགོངས་དོན་འདི།། དཔག་མེད་རྒྱལ་བ་བསྐྲུན་པ་ཉིད།། སྟོང་ཉིད་སྨྲ་བ་མ་ཡིན་ཀྱང་།། ཚེ་གདོན་སྤད་པ་རབ་ཏུ་གཅེས།། རང་བཞིན་ཐབས་དང་འབྲས་བུ་ཉིད།། རྫོགས་ཆེན་མ་བཅོས་དགོངས་པ་ལ།།
206a2 འགལ་བརྗོད་པའི་སྒྲ་ཡིས་མཚོན།། དངོས་པོའི་དོན་ཉིད་གཏན་ལ་ཕབ།། འགྱུར་མེད་སྙིང་པོ་ཚོལ་མེད་ལམ།། མ་བསྒྲུབས་རང་བྱུང་འབྲས་བུ་གསུམ།། མ་འདྲེས་གཅིག་ཏུ་ངེས་པར་མཉམ།། བཤད་ཚུལ་གསུམ་དུ་ཤེས་པར་བྱ།། གཞི་དང་ལ
206a3 དང་འབྲས་བུ་ནི།། ཡེ་ཤེས་རང་གནས་བདེ་མཆོག་དང་།། བསྒྲུབ་པ་བདེ་བ་གསལ་བྱེད་དང་།། རྟོག་པ་རབ་འབྱམས་ཉིད་དུ་འཆང་།། ངོ་བོ་རྒྱུ་རྐྱེན་ངེས་པའི་དཔེ།། མཚན་ཉིད་ཁྱབ་ཚད་ལུང་གི་དོན།། ཡེ་ཤེས་རང་གསལ་ཀུན་གསལ་ཏེ།།
206a4 མ་བཅོས་མ་བསྐྱེད་ཡེ་ནས་བྱུང་།། འདུ་འབྲལ་མེད་པར་རང་ལ་རྫོགས།། གསལ་བ་མི་གཡོ་རང་བྱུང་དབྱིངས།། སྣང་ལ་མི་རྟོག་མཉམ་པའི་དྲང་།། རང་གསལ་མ་བསྒྲིབས་རང་རིག་དང་།། མཁྱེན་པའི་ཡེ་ཤེས་ཉིད་དུ་འཆར།། རང་གསལ་མ་དམིགས
206a5 ཡུལ་དང་བྲལ།། རྫོགས་ཆེན་ཡེ་ཤེས་གསལ་བའི་ངང་།། ཚིག་བྲལ་མཉམ་ཉིད་དོན་དུ་རྫོགས།། རང་ལ་མི་རྟོག་གཞན་མི་རྟོག། གཉི་གར་མི་རྟོག་མཐའ་དང་བྲལ།། བསྐྱེད་བྱ་སྐྱེད་བྱེད་རྒྱུ་མེད་པས།། མ་གྱེས་སྙིང་པོ་བྱང་ཆུབ་པ།། སྐྱེ་འགེག་བརྟག
206a6 པའི་ཐ་སྙད་བྲལ།། ཡེ་ཤེས་རྫོགས་པར་གསལ་བའི་ངང་།། ཆུ་དང་མི་རྒྱུ་དབྱིངས་སུ་གཅིག། མ་སྐྱེས་འབྲས་བུ་ཡེ་ནས་བྱུང་།། རང་བྱུང་འཁོར་ལོ་ཡེ་ནས་གསལ།། སུ་ཉིད་འབྲས་བུར་ཡཾ་ནས་བྱུང་།། ཐམས་ཅད་ཡེ་ཤེས་སྙིང་པོར་རྫོགས།། མ
206a7 ལུས་གཅིག་སྟེ་ཐ་དད་མེད།། མ་བཅོས་བྱང་ཆུབ་སྙིང་པོ་ལ།། མ་བཙལ་རང་རིག་གསལ་བར་རྫོགས།། སྒྲོན་མེས་མུན་པའི་རྫས་འཚལ་ལྟར།། བརྡ་དོན་སྤྲད་པའི་འཕྲུལ་ཚིག་གིས།། འཁོར་བ་ཡེ་ཤེས་སྙིང་པོར་གསལ།། བསྐྱེད་པ་མེད་པས




iiif viewer powered by OpenSeadragon

205b - 206b

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po