| | e-texts navigator
|
205b1 མེད་པའི་རྒྱལ་བ་ཡིས།། ཕུན་བུམ་ཚོགས་པ་ཀུན་བསྡུས་ནས།། བསྟན་པ་བསམ་ཡས་གསུངས་པ་ཡང་།། གྲོང་དབུའི་ནང་དུ་མ་འདུས་མེད།། སྐལ་ལྡན་ཐུགས་རྗེསམས་དཔའ་ཡིས།། དུས་གཅིགཉིད་ལ་རྟོགས་པའི་ལུང་།། རྡོ་རྗེ་ནམ་མཁའ་དབྱེམ་བ
205b2 མཐའ་དབུས་སྤྲོས་པ་རྣམ་པར་བཅད།། སྒྲོན་མེ་ཡེ་ཤེས་འཁོར་ལོ་ཅན།། སྐུར་མེད་རང་གསལ་བརྗོད་དང་བྲལ།། དགོངས་པ་ནམ་མཁའི་མཐའ་མཉམ་པ།། མཚན་མའི་སྤོས་དང་གདོང་ནས་དག། རིག་པ་རང་སྣང་འཁོར་ལོ་ལ།། བསམ་བརྗོད་དཔྱད་པ
205b3 མཐའ་ལས་འདས།། མཉམ་ཉིད་རིག་པའི་འཁོར་ལོ་ལ།། མཚན་མའི་སྒྲ་ཡིས་གཏན་ལ་ཕབ།། ཡེ་ཤེས་རང་བྱུང་འཁོར་ལོ་ལས།། ཆོ་འཕྲུལ་ཐུགས་རྗེའི་རང་བཞིན་འཆང་།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། རང་བྱུང་གསང་བའི་འཁོར་ལོ།
205b4 ལས།། ཀློང་དགའི་བསྟན་པ་ཆར་བཞིན་འབྱུང་།། རང་བྱུང་དང་གསལ་གཏན་ལ་ཕེབས།། རང་ལ་འཆད་ཅིང་རང་གིས་སྟོན།། རང་གིས་བསྡུས་ནས་དང་དུ་བསྡུ།། མ་བཅོས་ཐིག་ལེ་གཅིག་ཏུ་གནས།། རང་གསལ་བརྗོད་འདས་རིག་པའི་གསུང་།།
205b5 གྱ་བྲལ་རྫོགས་པའི་རྒྱུད་དུ་གྲགས།། ཞེས་གསུངས་སོ།། ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཆེན་པོ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད
205b6 ཅེས་གསོལ་བ་བཏབ་བོ།། རྒྱལ་བ་ཀུན་གྱི་གསང་བའི་ཐུགས།། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག། རིག་པའི་བསྟེན་པ་སྒྲོགས་པའི་བདག། རྫོགས་ཆེན་གསུམ་གྱི་ངོ་བོ་ལ།། བརྡ་དོན་སྤྲད་པའི་གཏན་ཚིགས་ཀྱིས།། བཤད་པ་གསུམ་ལ་ངེས
205b7 དགོངས་ནས།། གཞི་ལམ་འབྲས་བུ་གསུང་དུ་གསོལ།། ཞེས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་གསུངས་སོ།། ཀྱེ་སེམས་དཔའ་ཆེན་པོ་ལེགས་པར་ཉོན་ཅིག། ནམ་མཁའི་མཐའ་དང་མཉམ་པའི
iiif viewer powered by OpenSeadragon
205a - 206a