| | e-texts navigator
|
205a1 །། སྤྱན་རྫོག་ཕྲིན་ལས་ལ།། འགྲོ་དོན་ཕྲིན་ལས་ཇི་ལྟར་མཛོད།། ཅེས་གསོལ་བས། དེ་བཞིན་གཤེགས་པ་དེས་འདི་སྐད་ཅེས་གསུངས་སོ།། རྩོལ་མེད་ལྡན་གྲུབ་བྱིན་རླབས་ལས།། མཛད་པའི་བྱིན་རླབས་ཕྱོག་བཅུར་བརྡལ།། ཕྱོགས་རིས་མི་མངའ་ཡོངས
205a2 བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་ཉིད་རིན་ཆེན་འཕྲུལ་གྱི་སྒོ།། རྟོགས་པར་འདོད་ན་ཇི་ལྟར་བལྟ།། ཞེས་གསོལ་པས།
205a3 བཞིན་གཤེགས་པ་རྣམ་པར་སྣང་མདོད་ཀྱིས་འདི་སྐད་ཅེས་གསུངས་སོ།། འཕྲུལ་གྱི་སྐྱེས་བུའི་ཚུལ་བཞིན་དུ།། གཅིག་རྟོགས་ཀུན་ཀྱང་དེ་འདྲ་བ།། མ་བཅོས་བྱང་ཆུབ་སྙིང་པོ་ལ།། ཕྱོགས་སུ་བལྟས་པས་མཐོང་མི་འགྱུར།། ཞེས་གསུངས་སོ།། དེ་ནས་འདོད
205a4 ཁམས་ཐ་མ་རུ།། མིང་གསུམ་ལྡན་པའི་སྐྱེས་བུ་ལ།། ལྟས་གསུམ་ལྡན་ཕྱིར་བསྐུལ་བའི་མཐུས།། ཐུགས་རྗེ་སེམས་དཔའི་བྱིན་བརླབས་ཀྱིས།། འོད་ལྔ་ལྡན་པའི་སྐུ་བསྟན་ཏེ།། ཆོས་ཀྱི་འཁོར་ལོའི་གདན་སྟེངས་སུ།། རིན་ཆེན་འབར་བའི་བསིལ་བཀབ
205a5 ནས།། རྡོ་རྗེ་སེམས་དཔས་མ་བརྗོད་གསུངས།། དེ་ནས་བྱས་བུརྒྱ་ལ་ཕྲས་དེས།། རིག་པ་གདོང་གདོན་རྟོགས་ནས།། དེ་ཚོད་ཡི་དུས་ཉིད་དུ།། དུས་མཐའི་སྐད་ཅིག་ཉིད་ལ་ནི།། ཀློང་དགུ་བམ་པོ་ཏི་ཁྲི་ཉིད།། གང་ལྡན་གྱི་གནས་གྲགས་པར་གྱུར།། དེ་ནས
205a6 ཐུགས་རྗེའི་བྱིན་བརླབས་ཀྱིས།། དྷ་ན་ཀོ་ཤ་གླིང་གི་ཕུག། ལྷ་མོ་སེམས་དགའ་རྡོ་རྗེ་ཅན།། སྤྲུལ་པའི་འདབ་ཆགས་ཕྲ་མེན་ལུས།། བྱིན་བརླབས་ཡེ་ཤེས་ཐུགས་མཚན་ལས།། ཡ་མཚན་སྤྲུལ་པའི་ཆ་འཛིན་ཅིང་།། སྟོང་ཉིད་རྩོལ་མེད་སྒྲོགས་གྱུར་པས།།
205a7 ཡང་སྦྲུལ་སྐལ་ལྡན་སྲས་བདུན་ལ།། རྒྱལ་ཐབས་སྐྱེ་བླུགས་དབང་བསྐུར་ནས།། ཐོབ་མེད་བྱང་ཆུབ་སེམས་དང་ཕྲད།། གསང་བའི་འཁོར་ལོ་རིག་པའི་གཉེར།། བརྡ་སྐད་ཚོགས་མེད་དོན་པོ་ཆེ།། མ་བཙལ་རང་བཞིན་བཞག་པས་འགྲུབ།། དཔག
iiif viewer powered by OpenSeadragon
204b - 205b