e-texts navigator
Collection
Volume
Page
Wylie

204b1 བཅས་བསྐོད་པ་དང་།། སངས་རྒྱས་ཐུགས་རྗེའི་བྱིན་རླངས་ཀྱིས།། བརྡ་དོན་སྤྲད་ལ་ཏོགས་བྱའི་ཕྱིར།། ཚིག་གི་སྒོ་ནས་དགྲོལ་བར་བྱ།། ཞེས་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཤར་རྫོགས་ཀྱི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ
204b2 དེ་བཞིན་གཤེགས་པ་མི་བསྐྱོད་པ་ཞེས་བྱ་བ་དང་གི་འཁོར་ལ་རྩོལ་མེད་སེམས་ཀྱི་དོན་རྒྱ་ཆེར་གསུངས་པ་ལ་འདི་སྐད་ཅེས་ཞུས་སོ།། སེམས་ཉིད་དང་བྱང་རྡོ་རྗེ་ལ།། སྐྱེ་ཤི་འདུ་འབྲལ་ཇི་ལྟར་བྱེང་།། ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་མི་བསྐྱོད་པས་འདི་སྐད་ཅེས་གསུངས་སོ།།
204b3 སེམས་ཉིད་རང་བྱུང་རྡོ་རྗེ་ལ།། མ་སྐྱེས་པས་ན་འཇིག་པ་མེད།། འདུ་འབྲལ་མཁའ་ལྟར་དག་པ་ཡི།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་དཔལ་དེང་ལྡན་པ་ཞེས་བྱབ་པོ་ཕྱོགས་ཀྱི་འཇིག་རྟེན་ན།། དེ
204b4 གཤེགས་པ་རིན་པོ་ཆེ་མངོན་པར་མཛེ་བ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་རང་བྱུང་དངོས་མེད་ཀྱིས།། དཔག་མེད་བསམ་པ་ཇི་ལྟར་བསྐང་།། ཞེས་གསོལ་བ་ལས། དེ་བཞིན་གཤེགས་པ་མངོན་པར་མཐོ་བས་འདི་སྐད་ཅེས་གསུངས་སོ།།
204b5 ཉི་ཟེར་ནོར་བུ་ལྟར།། མ་བསགས་གདོད་ནས་ལྷུན་གྱིས་རྫོགས།། འགྲོ་འོང་མེད་པར་ཀུན་ཁྱབ་པས།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེ་དེས་ནུབ་ཕྱོགས་ཀྱི་འཇིག་རྟེན་པདྨའི་ཕུང་པོ་ཞེས་བྱ་བ་ན། སངས
204b6 རྒྱས་པདྨ་ཆགས་པ་མེད་པ་ལ་འདི་སྐད་ཀྱིས་གས་སོ་ཏོ།། རང་བྱུང་དག་པའི་སྙིང་པོ་ལ།། ལས་དང་བག་ཆགས་གོས་མིགོས།། ཞེས་གསོལ་པ་དང་། དེ་བཞིན་གཤེགས་པས་འདི་སྐད་ཅེས་གསུངས་སོ།། རང་བྱུང་ཡེ་ཤེས་ཀ་དག་པས།། ང་རྒྱ་ནིའཇམ
204b7 དུ།། མཚམས་མེད་ལྔ་ཡི་བག་ཆགས་དག།། བྱང་ཆུབ་ཚུལ་འདི་བསྟན་པའོ།། ཞེས་གསུངས་སོ།། དེ་ནས་སེམས་དཔའ་རྡོ་རྗེས་བྱང་ཕྱོགས་ཐམས་ཅད་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན། དེ་བཞིན་གཤེག་པ་ཐམས་ཅད་གྲུབ་པ་ལ་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

204a - 205a

Texts on this page

Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po