| | e-texts navigator
|
204a1 དུ་ཐོབ་པའི་འཁོར་ལ་འདི་ལྟ་སྟེ། ས་དང་། ཆུ་དང་། མ་དང་། རླུང་དང་། ནམ་མཁའ་དང་། འདོད་པར་ཁམས་དང་། གཟུག་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་རྫོགས་པ་དང་། ཡོངས་སུན་ལ་འབྱོར་དང་། རྡུལ་འབྱོར་ཆེན
204a2 རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་ལ་སྩོགས་པ་ཐམས་ཅད་དང་། ཕྱོགས་བཅུའི་འདས་པ་དང་།། མ་བྱོན་པ་དང་། དེ་ལྟར་བཞུགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་མཐའ་ཡས་པ
204a3 ཇི་བླ་གཅིག་ཏུ་བཞུགས་སོ།། དེ་ནས་ལྷའི་དབང་པོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་དུས་གསུམ་གཤེགས་པའི་རྒྱལ་བ་ཡིས།། ཀུན་གྱི་འདོད་པ་བསྐུར་ཞེས་པ།། ཚོལ་བྱས་ཐེག་པ་མཐར་སྟོན་ནས།། ཚེལ་མེད་འདུལ་བའི་རྣལ་འབྱོར་ལ།
204a4 ཆར་ཐེག་པ་གསུང་དུ་གསོལ།། ཞེས་གསོལ་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་དཔའ་ཆེན་པོ་རྡོ་རྗེ་ལ་འདི་སྐད་ཅེས་གསུངས་སོ།། ཀྱེ་མ་རྡོ་རྗེ་སེམས་དཔའ་ཆེ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། སྐུ་གསུང་ཐུག
204a5 རྡོ་རྗེ་ཅན།། ཁྱོད་ན་རྒྱལ་བ་ཀུན་གྱི་རྗེ།། རང་བཞིན་མ་བཅོས་ཐུགས་རྗེ་ཡིས།། བྱ་བྲལ་རྫོགས་ལུང་བཤད་དུ་གསོལ།། ཞེས་གསུངས་པ་དང་། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཆོས་ཀྱི་དབྱིངས་ལས་ཡེ་ཤེས་སྤྲུལ་པའི་རྡོ་རྗེ་སེམས་དཔའ་གཅིག་བྱ
204a6 རྡོ་རྗེ་རྩེ་ལྔ་པ་ཡིས་དབང་བསྐུར་ཏེ། འདི་སྐད་ཅེས་གསུངས་སོ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་འཁོར་ལོའི་གཏེར་འཛིན་ཅིང་།། སྐུ་གསུང་ཐུགས་ཀྱི་གསང་བ་འཆིང་།། ཁྱོད་ནི་སྨྲ་བའི་སེང་གེ་ཏེ།། རྩེལ་མེད་འདུལ་བའི་གང
204a7 ཟག་ལ།། ལྷུན་གྲུབ་ཐོག་པ་གསུང་དུ་གསོལ།། ཞེས་གསོལ་པ་དང་། དེ་ནས་སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསུངས་སོ།། གསང་སྔ་གློ་རྡོ་རྗེ་ནམ་མཁའ་ཆེ།། ཚིག་གི་ཁྱོ་དབུལ་མ་ཡིན་པས།། བརྗོད་པས་རྟོག་པར་མི་ནུས་ཏོ།། འདི་ཞེས་འགྲོ་བ་རབ་ཏུ་དཀའ།། འོན་ཀྱང་དམ
iiif viewer powered by OpenSeadragon
203b - 204b