e-texts navigator
Collection
Volume
Page
Wylie

203b1 འདི།། བདེར་གཤེགས་རྣམས་ཀྱི་ཐུགས་དམ་ཡིན།། གྲུབ་ཐོབ་རྣམས་ཀྱི་གཤེགས་བུལ་ཡིན། སྐལ་ལྡན་རྣམས་ཀྱི་མགོ་འདྲེན་ཡིན།། འགྲོ་བ་རྣམས་ལ་ཐུགས་བརྩེའི་ཕྱིར།། ཕྱིར་མི་ལྡོག་པའི་ལམ་བསྟན་པ།། རྒྱལ་བ་ཉིད་ཀྱི་ཐུགས་བསྐྱེད་ནས།། བླ་མེད
203b2 བྱང་ཆུབ་འཐོབ་པར་ཤོག། རིན་པོ་ཆེ་འཕགས་ལམ་བཀོད་པའི་ཆུད་ལས། རྒྱུད་ཀྱི་གཏད་རྒྱ་བསྟན་པའི་ལེའུ་སྟེ་བཅུ་པའོ།། པཎྜི་ཏ་ཤྲཱི་སིདྷ་དང་། ལོཙྪ་བ་བི་རོ་ཙ་ནས་གཏན་ལ་ཕབ་པའོ།། རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་རྫོགས་སོ།།
203b3 རྒྱ་གར་སྐད་དུ། བཛྲ་སཏྭ་ཨཱ་ཏཱ་ཤཱ་ནྟ་ས་མ་མ་ཧཱ་ཏནྟ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའི་མཐའ་དང་མཉམ་པའི་ཆུད་ཆེན་པོ། དཔ་ཁྲི་རྡོ་རྗེ་སྙིང་པོ་ཡེ་ཤེས་གསང་བ་ལ་ཕྱག་འཚལ་ལོ།། འདི་སྐད་བཤད་པའི་དུས་གཅིག་ན། དེ་བཞིན
203b4 གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལོངས་སྤྱོད་ཆེན་པོ་ནམ་མཁའི་མཐའ་ལྟར་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ། རྡོ་རྗེ་སེམས་དཔའ་ཀུན་དང་དབྱེར་མེད་པ། ལྷུན་གྱིས་གྲུབ་པའི་དབང་ཕྱུག། ཉི་མ་སྟོང
203b5 ལྟར་བརྡལ་ཞིང་ལྷག་པའི་ཆེ་བ་དང་ལྡན་པ། ཐམས་ཅད་གཅིག་གི་ངོ་བོར་གྱུར་པ། གང་དང་ཡང་ཐ་མི་དད་པ་ཆེན་པོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་དཔའ་རྡོ་རྗེ་སེམས་དཔའ། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་སྒོ་སྐུར་དང་བྲལ་བ། རིག
203b6 པའི་ཡེ་ཤེས་འབར་བའི་གཞལ་ཡས་ཁང་། མཐའ་དང་དབུས་མེད་པར་ནམ་མཁའི་དབྱིངས་དང་མཉམ་པ། ཡེ་ཤེས་གསང་བའི་ཡང་གསང་བ། ཀུན་ཏུ་ཁྱབ་གདལ་ཆེན་པོ། ཚད་དང་རྒྱ་དཔག་ཏུ་མེད་པ། ཟབ་ཅིང་ཕྲལ་ཏོགས་པར་དཀའ་བའི་རང་བཞིན
203b7 ཟུག་པ་མེད་ཅིང་། ཟད་འཕེལ་མེད་པ་ནམ་མཁའི་མཐའ་དང་མཉམ་པའི་རྒྱན་རབ་འབྱམས་དཔག་ཏུ་མེད་པས་བརྒྱན་པ་ན། རྫོགས་པ་ཆེན་པོ་བཅོམ་ལྡན་འདས་བཞུགས་ཏེ། རང་བཞིན་ངོ་བོའི་འཁོར་དང་། རང་བཞིན་ལ་རྗེས་སུ་ལྟ་བའི་འཁོར་དང་། རང་བཞིན་མཚན




iiif viewer powered by OpenSeadragon

203a - 204a

Texts on this page

Gdg005.15 - rin po che 'phags lam bkod pa'i rgyud
Gdg005.16 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po