e-texts navigator
Collection
Volume
Page
Wylie

19a1 ཕྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་དྷ་ཥ་ཏ་ནྟྲ་རཏྣ་མཱལྱཱ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་བཤད་རྒྱུད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། འཁོར
19a2 བའི་སེམས་ཅན་ཐམས་ཅད་ཀུན།། མ་རིག་པས་ནི་རྒྱུ་བྱས་ནས།། ལས་དང་ཉོན་མོངས་རྐྱེན་དབང་གིས།། སྡུག་བསྔལ་རྒྱ་མཚོར་ཆུད་པ་རྣམས།། སྡུག་བསྔལ་མཚོ་ལས་བཏོན་པ་ནི།། བྱང་ཆུབ་བདེ་ལ་བཀོད་པའི་ཕྱིར།། གསང་དབང་ལག་ན
19a3 རྡོ་རྗེ་ཡིས།། འཇམ་དཔའ་དོན་གྱི་མཚན་བརྗོད་པའི།། རྒྱུད་ཀྱི་སྙིང་པོ་པུདྷ་རྫོགས་འདི།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། ཐུབ་པའི་དབང་པོ་ཉིད་ལ་ཁྲུས།། དེ་དོན་སྦྱིན་རྫི་མ་ལོག་པར།། རྗེས་འཇུག་རྣམས་ཀྱིས་རྟོགས་བྱའི་ཕྱིར།
19a4 གས་ལ་རྗོད་སྨོན་མ་སྭཱ་བུ་ཁྲུས།། ཨེ་མཆོས་རྣམས་པ་ན་ཅིང་།། ཟབ་ཅིང་རྒྱ་ཚེའི་དིནི་སྟོན་པ།། འཇམ་དཔལ་དོན་གྱི་མཚན་བརྗོད་པའི།། རྒྱུད་ཀྱི་སྙིང་པོ་ལྷུར་རྫོགསོ་འདི།། མར་མེ་འཆི་ཀའི་འོད་བཞིན་དུ།། བསྟན་པ་འཇིག་ཀའི་དུས་དག་ཏུ
19a5 ཏལ་བའི་ཐུགས་རྗེའི་བྱིན་རླབས་ཀྱིས།། འཛམ་བུ་གླིང་གི་དབུས་སུ་དང་།། སྐལ་ལྡན་རྣམས་ཀྱི་སྒྲོན་མེ་བྱེད།། ལས་དང་ཉོན་མོངས་གཉེན་པོ་བྱེད།། དང་པོའི་འོག་མིན་ཆོས་དབྱིངས་སུ།། གསང་སྔགས་གླུ་འདི་རང་སྒྲར་བཤད།། སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས།། སངས་རྒྱས
19a6 དཔག་མེད་རྣམས་ལ་གསུངས།། དེ་ནས་ལྷ་གནས་གསུམ་དུ་གྲགས།། སྦྲུལ་སྐྱེ་འཁོར་ལོ་བསྒྱུར་རྒྱལ་གྱིས།། ལྷ་རྣམས་དང་ནི་དྲང་སྲོང་དང་།། རིག་འཛིན་ཚོགས་ལ་བཤད་པ་ཡིན།། ཐ་མ་འཛམ་གླིང་དབུས་སུ་གྲགས།། བྱ་རྒོད་ཕུང་པོའི་རི་ཡི་འགྲམ།
19a7 བྱ་རྐང་རི་ཡི་རྗེ་དག་ལ།། སངས་རྒྱས་བཅོམ་ལྡན་ཤཱཀ་ཐུབ་ཀྱིས།། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།། ཁྲོ་ཚོགས་ལྔ་བརྒྱ་དང་བཅས་ལ།། ཟབ་ཅིང་རྒྱ་ཆེའི་མཚན་དོན་བཤད།། གསང་བའི་བདག་པོ་ཉིད་ཀྱིས་བསྡུས།། འཕགས་པ་འཇམ་དཔལ




iiif viewer powered by OpenSeadragon

18b - 19b

Texts on this page

Gdg005.2 - 'phags pa 'jam dpal gyi bshad rgyud rin po che'i phreng ba