| | e-texts navigator
|
199b1 དེ་ནི་འདུས་མ་བྱས།། འབྲས་བུ་ལུགས་མ་མཐའ་ན་ཐུག། རྒྱ་འབྲས་གཉིས་ལ་མི་ལྟོས་དང་།། བྱས་པའི་ཆོས་ཀྱིས་སངས་མརྒྱ།། ཡནས་གནས་པའི་དོན་རྟོགས་ན།། མ་བྱས་ཆོས་ཀྱིས་སངས་རྒྱས་དང་།། ཅིག་ཆར་འཇུག་པའི་ལམ་ཡིན་པས།
199b2 དེས་དོན་ཕྱིན་ཅི་མ་ལོག་པའོ།། དྲུག་ཚན་གཉིས་པ་དེ་ཆོས་རྣམས་ནི།། རྒྱུ་ལས་མ་བྱུང་འབྲས་བུ་དང་།། ལུང་ཕ་མ་བརྟེན་མན་ངག་དང་།། སེམས་པ་མི་ལྟོས་སངས་རྒྱས་དང་།། འབྱུང་བ་བཞི་ལ་རག་མ་ལུས།། འབྲས་བུ་གཞན་ལ་རེ་བ་མེད།། རུས
199b3 གསུམ་སངས་རྒྱས་ངོ་བོ་དང་།། དྲུག་ཚན་ཐ་མའི་ཆོས་རྣམས་ནི།། སྟོང་པ་ཐུན་མོང་མ་ཡིན་དང་།། གསལ་བ་ཐུན་མོང་མ་ཡིན་དང་།། བདེ་བ་ཐུན་མོང་མ་ཡིན་དང་།། སྟོང་པ་ཚད་དུ་ཕྱིན་པ་དང་།། གསལ་བ་ཚད་དུ་ཕྱིན་པ་དང་།། བདེ་འཚད་དུ་ཕྱིན་པའོ།།
199b4 ཇི་ལྟ་བུ་དང་ཇི་སྙེད་མཁྱེན།། མི་མཐུན་ཕྱོགས་རྣམས་སངས་པ་དང་།། མཐུན་པའི་ཡོན་ཏན་རྒྱས་པས་ན།། ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན།། མ་རྟོགས་སེམས་ཅན་ཆོས་རྣམས་ནི།། ཆུ་འབྲས་ཆོས་ལ་གས་པ་དང་།། བག་ཚོགས་གོམས
199b5 པས་འབྱུང་བ་དང་།། བྱས་པའི་ཆོས་ཀྱིས་སངས་རྒྱས་དང་།། རིམ་གྱིས་རྟོགས་པའི་འདོད་པ་དྲུག། དྲང་དོན་ཆོས་ལ་ཡིད་ཆེས་སྐྱེ།། དེ་ལྟར་བྱས་པས་འཁོར་བ་སྟོངས།། འཁོར་བ་སྟོངས་པའི་ཆུ་མཚན་ནི།། འདུག་སྒོ་གསུམ་དང་རྩོལ་བ་གཉིས།།
199b6 བཙལ་ཐབས་གཉིས་དང་གསུམ་གྱིས་བཟློག། ཕྱི་ཡི་སྒོ་དང་ནང་གི་སྒོ།། གསང་བའི་སྒོ་རུ་ཤེས་པར་བྱ།། སོ་རུ་བཙལ་དང་ལྷག་པར་བཙལ།། སྟོང་པའི་སོ་དང་རིག་པའི་ངོ།། ཐ་དད་མ་ཡིན་ངོ་བོ་གཅིག། ལྐུག་པར
199b7 བཙལ་བ་རྣམ་གསུམ་ནི།། ཕྱི་དྲ་རྣམ་ཤས་ཡུལ་ལ་བསྡུ།། ནང་དུ་སེམས་ཉིད་སྡུག་བསྔལ་གློང་།། གསལ་བ་འཛིན་མེད་དང་ལ་བཞག། ཤེས་རབ་ཐབས་ཀྱིས་བཙལ་བ་དང་།། ཐབས་ལ་ཤེས་རབ་རྩི་ཡིས་གཟུང་།། ཟུང་དུ་འདུག་པས་སངས
iiif viewer powered by OpenSeadragon
199a - 200a