e-texts navigator
Collection
Volume
Page
Wylie

197a1 ཏན་པར་མ་།། བསམ་གཏན་གགས་ནི་རྣམ་པ་།། ན་དང་རྣ་དག་དང་།། འགྱུར་རྣ་བཚམ་ཟ་ནི།། བསམག་ཏན་གགས་སྲབ་ཤ་པཞན།། རང་སེམས་ལ་རྣམ་པ་དུཿ།། ངབརྒྱ་དང་དབྱུང་ད
197a2 བཅོས་པའི་ཐབས་སུ་ཤེས་པར་བྱ།། ངོ་བོ་ཤེས་པ་མི་གསལ་ཞིང་།། ཡོན་ཏན་ཕྱོགས་ལ་བློ་འགགས་པའི།། རྒྱ་ནིས་ཤས་ཆེན་པོ་དང་།། བད་ཀན་དག་གིས་བགྱེད་པའོ།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། ཚད་དུ་བྱས་དང་རྐྱེན་གྱིས་བྱིང་།། རང་བཞིན
197a3 ཤུགས་ལས་བྱིང་བའོ།། བཅོས་པའི་ཐབས་ནི་བསམ་ཡས་ཀྱང་།། གཞུང་ལུགས་འདི་ལ་གསུམ་ཡིན་ཏེ།། རླུང་གི་གནད་དང་དམིགས་པའི་གནད།། རྒྱུད་ལམ་གནང་དུ་ཞེས་པར་བྱ།། རྒོད་པ་ལ་ཡང་དེ་བཞིན་ཏེ།། ངོ་བོ་རྒྱ་དང་དབྱེ་བ་དང་།། བཅོས་པ
197a4 ཐབས་དང་བཞི་རུ་བཤད།། ངོ་བོ་ཡུལ་རྐྱེན་རྗེས་སུ་འབྲེལ།། རྒྱུ་ནི་རླུང་ཤས་ཆེ་བ་དང་།། འདོད་པ་དག་གིས་བསྐྱེད་པའོ།། དབྱེ་བའི་ཚུལ་ནི་རྣམ་པ་གསུམ།། ཆེད་དུ་བྱས་དང་རྐྱེན་གྱིས་རྒོད།། རང་བཞིན་ཤུགས་ཀྱིས་རྒོད་པའོ།། བཅོས་པའི་ཐབས་ནི་མ
197a5 ཡོད་ཀྱང་།། བསྟན་པའི་སྙིང་པོ་གསུམ་དུ་འདོད།། དང་པོ་འཇུག་པའི་སྒོ་ཡང་དགག། བར་དུ་འགྲོ་བའི་ལམ་ཡང་གཅོད།། ཐ་མ་གནས་པའི་ཕུག་གཏིབ་པོ།། རླུང་ལོག་པ་ཡང་རྣམ་པ་བཞི།། རྒྱ་རྐྱེན་སྐྱོན་དང་དབྱེ་བ་དང་།། བཅོས་པའི་ཐབས་ནི་ཤེས་པར
197a6 བྱ།། རྒྱུ་ནི་བསོད་ནམས་མ་བསགས་པས།། ལུས་དང་ཁམས་ནི་ངན་པའོ།། རྐྱེན་ནི་དཀའ་ཐུབ་དྲག་པོ་ཡིས།། འབུང་བ་འཁྲུགས་པར་ཤེས་པར་བྱ།། སྐྱོན་ནི་ལུས་ཀྱི་འོག་བཞུག་ན།། འདས་ན་ཚེ་ཡི་འདུ་བྱེད་བྱེད།། སེམས་སྐྱོན་ཏིད་འཛིན་མི
197a7 གསལ་ཞིང་།། སྙིང་རླུང་ལ་སོགས་འབྱུང་བར་འགྱུར།། ལོག་པར་དབྱེན་གསུམ་དུ་འདུས།། ཕྱི་རླུང་ལུས་ལ་ལོག་པ་དང་།། ནད་རླུང་རྩལ་ལོག་པ་དང་།། གསོང་རླུང་སེམས་ལ་ལོག་པའོ།། ཕྱི་རླུང་ལུས་ལ་ལོག་པའི་རྟགས།། ལུས་པོ་ཁོལ་བུར་ན་བ་དང་།།




iiif viewer powered by OpenSeadragon

196b - 197b

Texts on this page

Gdg005.15 - rin po che 'phags lam bkod pa'i rgyud