| | e-texts navigator
|
196b1 སྲོག་རྩ་བཅད་པས་ན།། དེ་འདྲའི་གནོད་པ་གཞན་མི་བྱེད།། དེ་ཡི་གདུལ་ཐབས་བཤད་པ་ནི།། མ་ཟན་ཟིན་པར་བྱ་བ་ལ།། ལག་ཏུ་བླང་བའི་རིམ་པ་འདི།། ལུས་ཀྱིས་འཁྲུལ་འཁོར་བཅའ་བ་དང་།། གྱི་ནང་དབུགས་རྣམས་སྙོམས་པ་དང་།། དམིག
196b2 པ་མདུན་དུ་གཞག་པ་དང་།། དེ་ལ་དམིགས་སེམས་གཏད་པས་ནི།། འདོད་ཡོན་རྗེས་སུ་འབྲངས་པ་མེད།། འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་།། དེ་ལ་མི་གནས་གཞན་དུ་འཕྲོ་བ་ན།། གཉིས་བསྒྲིམ་གོང་ལ་དྲག་ཏུ་གཏད།། དེས་ནི་རང་སེམས་ཟིན་པར
196b3 འགྱུར།། གནས་ཉམ་འཚར་ལྷམ་བྱེད་པ་ན།། རྣམ་པར་རྟོག་པ་གས་ཚངས།། རྒྱུང་ལ་བསྒྲུབ་པ་ཤེས་པདམ།། འོག་དུང་འཇམ་པར་གང་བ་དང་།། སྒྱིང་རླུང་དག་ཅུ་གཟུང་བནི།། དག་པའི་ང་ནི་རླུང་གིས་གདྷག།། ཝཱས་གྱི་འཁྲུལ་འཁོར་གོང་བཞིན་།
196b4 རྔན་དག་བྱིན་ལ་ནང་དུ་བསྟིམ།། རྩོལ་བ་བསྐྱེད་ལ་ཐུན་དུ་གཞུག། ཐུན་ཚད་ངབ་འབྲིང་གསུམ་དུ་གཅད།། ཁུག་པ་དྲུག་ཅུ་བཞི་བཅུ་དང་།། ཉི་ཤུ་དགྲ་ནི་ཟིན་གྱུར་ན།། རྩལ་སྦྱང་བྱ་ཞིང་རྩོལ་བ་བསྐྱེད།། དེས་ནི་གནས་སུ་ཟིན་པར་འགྱུར།། ཕོ་དང་མོ་དང
196b5 མ་ནིང་ནི།། ཐོད་རྒལ་ལ་སོགས་བྱུང་གྱུར་ན།། ཚད་ནི་བླ་མ་མཁས་པས་ཏེ།། རྩོལ་བ་མི་བྱ་གཤིས་ལ་གཞག། རྗེས་ཤེས་གཉེན་པོ་བསྟེན་མི་དགོས།། རང་སར་བཞུག་པས་གནས་སུ་དོངས།། མི་བསྒོམ་ཉམས་ལ་ངོ་སྨད་པས།། རིག་པ
196b6 རྗེན་པ་མཐའ་དང་བྲལ།། མཐའ་བྲལ་ཆོས་ཀྱི་སྐུ་རུ་ཤར།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མཉམ་པ་མེད་པའི་རྡོ་རྗེ་འཆང་། ཁྱེད་ཀྱིས་གསུངས་པའི་ལག་ལེན་ལ།། མོས་པས་རྗེས་སུ་ཡི་རང་ནས།། གུས་པའི་སེམས་ཀྱིས་བྱེད
196b7 ལ་འདུད།། ཡང་དག་དོན་ལ་ཡང་ཞུས་པ།། མི་མཐུན་གེགས་རྣམས་བས་ལ་དགོས་པས། དེ་ཡི་བྱེ་བྲག་བཤད་དུ་གསོལ།། གསང་བའི་བདག་པོས་བཀའ་སྩལ་པ།། ཁྱེད་ཀྱིས་ཞུས་པའི་དོན་དེ་ལ།། ལེགས་པར་ལན་ནི་གདབ་པར་བྱ།། གུས་པའི་སེམས་ཀྱིས
iiif viewer powered by OpenSeadragon
196a - 197a