| | e-texts navigator
|
18a1 །། ཆུང་འདི་ནི་བདག་དོན་གཞན་དོན་གཉིས།། རང་གྲོལ་དབང་པོའི་ཁྱད་པར་སྟོན་པ་ཡིན།། ཐབས་དང་ཤེས་རབ་ཉན་ཐོས་ཉིད་དུ་ལྷུང་། སྙིང་རྗེ་དང་ནི་ཤེས་རབ་ཀྱིས།། འགྲོ་དོན་མ་ལུས་བྱེད་པ་པོ།། སྙིང་རྗེ་ཆེན་པོ་ཅིར་མི་མཛད།། མེ་བའི་ཡེ་ཤེས་རྙེད
18a2 དཀའ་བ།། ཤེས་རབ་ཐབས་ཀྱིས་འགྲོ་དོན་བྱེད།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། ལམ་རྣམས་ཀུན་གྱི་མཆོག་ཏུ་བཤད།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ལོག་ལྷ་མ་དད་ལེ་ལོ་དང་།། མ་རིག་པ་དེ་ལམ་དུ་སློང་།། དེ་སྤོད་སངས་རྒྱས་ས་ལ་འགོད།། ལམ
18a3 ཀྱེ་མཆོག་ཅེས་བྱ་བའོ།། ཞེས་གསུངས་སོ།། ལྷ་རྒྱད་རིན་པོ་ཆེ་སྤུངས་པ་པས། ཇོ་སྤྲོད་ཀྱི་ལྷ་བསྒོམ་ལས་གྲོལ་བའི་ལེའུ་སྟེ་སོ་གཅིག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྩ་དང་རླུང་དང་ཐིག་ལེ་དང་།། ཡེ་ཤེས་རྣམ་པ
18a4 བཞི་རུ་འདུས།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ཐུན་མོང་འཁོར་ལོ་ལྔ་ལ་གནས།། བརྒྱ་དང་ཉི་ཤུ་རྩ་བཞི་ཡོད།། དེ་ཡང་བསྡུས་པས་གསུམ་དུ་འདུས།། དེ་ཡང་ཨ་བ་དྷཱུ་ཏིར་འདུས།། ཨ་ནི་ཚིག་དབང་རིན་པོ་ཆེ།། ཝ་ནི་གསང་བའི་ཡེ་ཤེས་དབང་།། འ་ནི་ཤེས་རབ
18a5 དབང་ཡིན་ནོ།། དྷུ་ནི་ཐབས་ཀྱི་དབང་ཡིན་ནོ།། ཏི་ནི་བུམ་པའི་དབང་ཞེས་བྱ།། ཐམས་ཅད་འདུས་པས་བུམ་པའི་དབང་།། ཚིག་ཏུ་མཚོན་པས་མིང་གི་དབང་།། བརྒྱུད་པ་མ་ཆད་ལྔ་ཡི་དབང་།། རང་ཆོས་སྟོན་པས་དབུ་རྒྱན་དབང་།། ཟུང་དུ་འབྲེལ་པས་རྡོ་རྗེ་དྲིལ་བུའི་དབང་།། རིག་པའི
18a6 དབང་ལྔ་ཞེས་ཀྱང་དེ་ལ་བྱ།། དེ་ནི་ཁྱད་པར་དབང་ཞེས་བྱ།། དེ་ནི་མཆོག་གི་རྩ་བསྟན་པ།། ཟག་པ་མེད་པའི་དབང་བསྐུར་ཏེ།། གཞི་ལ་རྩ་རླུང་ལྷུན་གྱིས་གྲུབ།། ཕྲ་བའི་རྩ་དང་རིག་པའི་རྩ།། དངོས་པོ་འཁྲུལ་པའི་རྩ་དང་གསུམ།། དང་པོའི་རྩ་ནི་ཟག་བཅས་ཡིན།། དེ་ལ་སྦྱངས
18a7 ན་བདེད་སྐྱེ།། བདེ་བ་སྐྱེས་ནས་ལམ་དུ་འཇུག། ཟག་མེད་རྩ་ནི་བཀའ་བརྒྱད་ཡིན།། གཞི་ཡི་རྩ་དང་རླུང་དང་ནི།། ཐིག་ལ་ལྷན་སྦས་ཡེ་ཤེས་དང་།། ལམ་དུད་ལྟ་བར་ངོ་ལ།། ཟག་པ་མེད་པའི་ངོ་སྤོད་ཡིན།། འབྲས་བུ་དང་སར་གྲོལ་བའོ།། ངོ་སྤོད་ཤིན་རྟ་གཅེས་པ་ཡིན།།
iiif viewer powered by OpenSeadragon
17b - 18b