e-texts navigator
Collection
Volume
Page
Wylie

187a1 ལ་མངོན།། འདུ་འབྲལ་མེད་པར་ཕྲ་གསུང་ཐུགས་ཀྱི་དང་།། ཨ་མཧོ།། ཨལ་ཏ།། ཞེས་བརྗོད་པས་རབ་ཏུ་དཀྲིས་པར་གྱུར་ཏོ།། ཀུན་ཏུ་བཟང་པོ་རིག་པར་དག་རྡུལ་ཤར་བའི་རྒྱུད་ལས། བསྟོད་པའི་འཇམ་བཅུ་གསུམ་པའོ།།
187a2 དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས་རྡོ་རྗེ་སེམས་དཔའ་ལ་རྒྱད་དང་མན་ངག་གི་དོན་གཏད་པ། ཀྱེ་སྡེ་རིག་པའི་སྐྱེས་བུ་ཆེན་པོས་རྒྱུད་འདི་ཟུང་། སྒྲ་དང་ཚིག་བྱེར་མ་འགྲེངས་དོན་གྱི་གཏར།། ཡང་དག་དོན་ཆེན་གསང་བའི་ནང་མཆོག་ས
187a3 ང་ཡི་ཐུགས་བརྟོལ་དགོངས་པའི་བཅུད་ཕྱུང་ནས།། རྒྱ་མཚོ་ལྟ་ཟླ་གཏིང་ཟབ་དཔག་དཀའདོན།། ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་པས།། ཉིད་ལས་མི་གཞན་བྱད་མེད་འཁོར་རྣམས་ལ།། ཁྱབ་པར་སྟོན་ཅིག་སེམས་དཔའ་རྡོ་རྗེ་ཁྱོད།། སྣོད་ལྡན་ལས་འགྲོ་ཡོད་པར།
187a4 གང་ཟག་གམ།། རིག་པ་སྐྱེ་བྲུག་ཤར་བའི་གང་ཟག་ལ།། ཐེ་ཚོམ་ཡིད་གཉིས་མེད་པར་མྱུར་དུ་སྟོན།། ཞེས་གསུངས་པས། ཉིད་ལས་མི་གཞན་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། རླུང
187a5 གཏད་པ་དང་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ཀུན་ཏུ་བཟང་པོ་རེག་པ་རང་གི་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་རྫོགས་སོ།། ཤྲཱི་སིདྡྷ་དང་པོ་རོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ར་ཛྙོ་བ་དེ་ཤ་བི་ཤྭ་ཙཀྲཏནྟ་པ་བྷཽ་མ~ཾ་ནཱ་མ།
187a6 སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་སེམས་དཔའ་རྡོ་རྗེའི་བརྡའ་ཡོངས་སུ་གོ་བའི་དུས་འཚིག་ན།། སྟོན་པ་དཀའ་རབ་རྡོ་རྗེ་སྤྲུལ་པའི་སྐྱེས་བུ་ཆེན་པོ
187a7 དེ་ཉིད་སྐྱེ་འགག་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་ལྟ་བ་རགས་པར་རྟོགས་པའི་འཁོར་དུ་མ་འཁོད་དོ།། སྤྲུལ་པའི་བདག་ཉིད་འཇམ་དཔལ་བ་ཤེས་གཉེན་དང་། རྒྱལ་པོ་དྷན་ཏ་དང་། ཐུ་བོ་རཱ་ཛ་ཧ་སྟི་དང་། གཞན་ཡང་མཁས་པ་ཉི་ཤུ་རྩ
187a8 བར་འདིར་རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོ་འཛུག།




iiif viewer powered by OpenSeadragon

186b - 187b

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud
Gdg005.14 - rin po che gdams ngag sna tshogs 'khor lo'i rgyud phyi ma