e-texts navigator
Collection
Volume
Page
Wylie

186b1 ག་ཡོ་དང་ཟ་ས་ཡང་དང་།། ན་ལ་སྨྲསཛང།། ད་རྣམ་ཤྀགནམཿ་དང་།། ཡང་མར་ཐུགས་སུན་དང་།། བྱང་ཡུལ་རྒྱམ་པ་གསཔ།། མཉས་གནས་རྣས་མེད་པ་དང་།། ཐོག་ད་ད་རྒྱ་དང་གས་ཚང་། ནན
186b2 གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་ཆུད་ལས། དྲོད་རྟགས་འབྲས་བུ་བསྟན་པའི་ལེངྒ་སྟེ་བཅུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས།། རྡོ་རྗེ་སེམས་དཔའ་ལ་བཀང་སྩལ་པ།
186b3 གདམས་ངག་དོན་རྟོགས་གདེང་ལྡན་ན།། དུས་དེ་ཁོ་ནར་འབྲས་བུ་འཐོབ།། སྤྱོད་ཡུལ་རིག་པ་རང་ཤར་ཡིན།། ཤེས་པ་ལྷག་པརང་བྱུང་ཉིད།། ཆགས་མེད་རྩོག་མེད་རང་གྲོལ་ཏེད།། ཞེན་པ་རང་ལོག་ཕྱོག་རིས་མེད།། དོགས་མེད་ཅིང་ཕྱོ་བླ་ས་མེད།། དུ་མ་རོ་ག་ཅིག་འཕེལ་འགྲིབ
186b4 མེད།། ལྷན་གྲུབ་ཕྱག་རྒྱ་ཆེན་པོ་ཉིད།། དེ་ལྟ་ཉིད་དུ་འབྲས་བུ་གྲུབ།། དབུས་ཅིར་སྣང་ཡེ་ཤེས་ལ།། ལྡན་གྲུབ་འགྱུར་མིད་བྱེ་བ་མེད།། རང་ཤར་སྦལ་པ་དཔག་མེད་འགྱིད།། ཐམས་ཅད་འབྲས་བུ་དང་ཤྭར་ན།། ཐམས་ཅད་མཁྱེན་པའི་འབྲས་བུ་ཡིན།།
186b5 འདྲེ་ལྡོག་སྤྱིའུ་ཚུགས་གར་སོང་ཡང་།། འབྲས་བུ་ཉིད་དེ་མངོན་སངས་རྒྱས།། འཁོར་འདས་དབྱེར་མེད་འབྲས་བུའི་མཆོག། འཁོར་བ་ཉིད་ལ་མྱང་འདས་གསལ།། སྡུག་བསྔལ་བདེ་བར་རང་ཤར་ན།། དོན་གྱི་འབྲས་བུ་སྐྱེ་བ་མེད།། ཅེས་གསུངས་སོ།། ཀུན
186b6 བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས།། འབྲས་བུ་མངོན་དུ་ཕྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེ་ཉིད་སྣང་བ་རང་གྲོལ་ཡེ་ཤེས་རང་གསལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས
186b7 མོ།། དེའི་དུས་དེ་ཉིད་ཁོ་ནར་རྡོ་རྗེ་སེམས་དཔའ་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་འཛུམ་པ་མཛད་དོ།། རིག་པའི་རྒྱལ་པོ་ལ་བསྟོད་པ། རིག་པའི་རྒྱལ་པོ་སྐྱེ་མེད་ནམ་མཁའི་ཐུགས།། རྡོ་རྗེའི་སྐུལ་འགྱུར་མེད་སྐྱེ་འཇིག་བྲལ།། བྱིན་རླབས་གསུང་གིས་ཚིག་མེད་ངོན




iiif viewer powered by OpenSeadragon

186a - 187a

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud