e-texts navigator
Collection
Volume
Page
Wylie

186a1 གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། དབྱེ་ཐབས་འཁོར་ལོའི་མན་ངག་རྒྱ་ཆེ་གྲུབ་མཐའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་རང་གྲོལ་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས
186a2 དཔའ་ལ་བཀའ་སྩལ་པ། རིག་པ་རྩལ་འབྱོངས་རྣལ་འབྱོར་ལ།། དྲོད་རྟགས་མཐར་གྱིན་འདི་ལྟར་འབྱུང་།། ཕྱི་དང་ནང་དང་གསང་བ་གསུམ།། འོད་དང་ཉི་ཤར་ཤེས་པ་འཕྱོ།། ཕྱོགས་རིས་མེད་དང་འདོད་པ་ཆུང་།། འབྲས་བུ་དག་ལ་མི་རེ་ཞིང་།། གཡེངས་པ
186a3 བདུད་ལ་ཏ་མང་མེད།། རིག་པའི་ཆ་འཕྲུལ་དག་ཏུ་འཆར།། གབ་པ་མངོན་ཕྱུང་མཐར་ཕྱིན་རྟགས།། ཕྱི་ནང་གསང་བ་གསུམ་དུ་འདུས།། ནམ་མཁའི་མཧོད་རྩེ་སྙིང་རྗེ་ཆེ།། ཆགས་མེད་བླ་མ་མཆེད་གྲོགས་གདུང་།། དམ་ཚིག་ལ་གནས་ཏེ་རིང་མེད།། སྤྱོད
186a4 ཡུལ་གང་ལན་འདོད་མེད།། ཡེ་ཤེས་ཟང་ཐལ་མཐར་གྱིན་རྟགས།། གྱི་ནང་གསང་བ་གསུམ་དུ་འབྱུང་།། ནམ་མཁར་འགྲོ་དང་ཐོགས་པ་མེད།། ལུས་ཡོད་མ་ཚོར་སྐྱེམ་བྱེད་བྲལ།། དྲྀ་དུ་ཡུལ་གང་ལ་ཡང་འདོན་མེད་པའོ།། བུག་ཟང་གོམས་ཏེག
186a5 ཤེས་ན།། ཕྱི་ནང་གསང་བའི་རྟགས་གསུམ་འབྱུང་།། གང་ལ་ཞུམ་མེད་སྐྱེངས་མེད་དང་།། གཙང་སྨེ་བླང་དོར་སྤང་ལེན་མེད།། ཅེར་མཐོང་ཤུག་ཕྲད་ཡེ་ཤེས་ཤར།། ཅོག་བཞག་ཀློང་གྱུར་མི་རྩོལ་རྟགས།། ཕྱི་དང་ནང་དང་གསང་བ་གསུམ།། རྩོལ་བ་ཆུང་དང
186a6 ཁོང་ཁྲོ་མེད།། ལུས་སེམས་རང་ལུགས་སྤྱོད་ཡུལ་བྲལ།། བཙལ་བ་རྗེས་མེད་རྩད་ཆོད་རྟགས།། གྱི་ནང་གསང་བ་གསུམ་དུ་འཆར།། རྩོལ་བ་ཆུང་དང་ཞེན་ཆགས་ལོག། སྒོ་གསུམ་ལས་ལ་རྗེས་མེད་འཆར།། དམིགས་པ་རྗེས་མེད་མཐིལ་ཕེབས་རྟགས།།
186a7 གྱི་ནང་གསང་བ་གསུམ་དུ་འཆར།། གང་ལ་ཐིས་མེ་འཛུགས་པ་དང་།། སེམས་ལ་གཏད་སོམ་རྙེད་ཅིང་།། དབྱེར་མེད་གཟུང་འཛིན་མེད་པར་འཆར།། རྐང་ཕུར་དམིགས་པ་བརྟན་ཐོབ་རྟགས།། ཕྱི་ནང་གསང་བ་གསུམ་དུ་འཆར།། མེ་ཆུ་རླུང་དང་། ཁ་དོག་།།




iiif viewer powered by OpenSeadragon

185b - 186b

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud