e-texts navigator
Collection
Volume
Page
Wylie

185a1 ཡང།། དམིགས་གཏད་མེད་པའི་དོན་འདོད་ན།། དཔེར་ན་མིག་ནད་ཅན་དག་གིས།། གང་ཡང་རུང་བའི་དངོས་པོ་ལ།། རྒྱང་མིག་བལྟས་ཤིང་ཡིན་མིན་བརྟགས།། བརྟགས་པའི་རྗེས་ལ་དམིགས་པ་འཛུབས
185a2 གང་མཐོང་མ་ཤེས་མདོངས་པ་ལྟར།། རྣལ་འབྱོར་སྐྱེས་བུ་གང་ཞིག་གིས།། རྫས་ཅི་རྣམ་པ་གང་རུང་ལ།། འབྲུ་ཚུག་བལྟས་ཤིང་མ་གཏང་ན།། དྲན་མེད་འཛིན་མེད་ལོང་གིས་སྐྱེ།། མ་བཏང་ཡུན་བསྲིང་ཡེ་ཤེས་འཆང་།། ཡེ་ཤེས་མཁའ
185a3 མཉམ་ནམ་མཁའ་འདྲ།། དྲན་པ་མེད་པའི་བློང་བློང་པོ།། མྱོང་མེད་ཉམས་སྐྱེ་དྲན་རིག་འགག། དམིགས་པ་རྗེས་མེད་ཀྱི་ནར་འཇུག། བཏང་སྙོམས་ཆེན་པོའི་ཆོས་སྒྲ་ཐོབ།། ཅེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པར
185a4 རྩལ་ཤར་བའི་རྒྱུད་ལས། དམིགས་པ་རྗེས་མེད་ཀྱི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོས། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། དཔེང་ན་ཁྱུད་ཆེན་རྡོལ་མེད་ཀྱང་།། རྩོལ་བ་ཡིད་ཙམ་སྟེགས་ལ
185a5 བརྟེན།། རྟེན་མེད་ཡེ་ཤེས་ཐོབ་འདོད་ན།། དཔེར་ན་ཁྱི་གསང་རྟོད་བཏགས་ན།། གང་དུ་མི་འགྲོ་དེར་འཁོར་ལྟར།། གང་ཡང་རུང་བའི་མཚན་མའམ།། དམིགས་དང་བཅས་པའི་མཚན་མེད་ལ།། ཡེངས་པ་མེད་པར་བློ་གཏད་ནས།། མ་གོམས
185a6 བར་དུ་བརྟག་པར་བྱ།། གོམས་ཤིང་དམིགས་པ་གསལ་གྱུར་ནས།། ནུས་པ་ཕྲ་མོ་འབྱིན་ནུས་ན།། གདེང་གིས་ཟིན་པའི་བླ་མ་ཡིས།། ཀུན་བཟང་ལྷུན་གྲུབ་དགོངས་པའི་དོད།། རུས་དེ་ཁེ་ནར་ལུང་ཕོག་ན།། སྙན་ཁུང་བརྒྱུད་པའི་མན་ངག་གིས།། རང་བྱུང
185a7 ཡེ་ཤེས་ཤུགས་ལས་འཆར།། མཚན་བཅས་མཚན་མེད་རང་སར་གྲོལ།། ཁྱུང་ཆེན་ནམ་མཁར་ལྡིང་བ་འདྲ།། དེ་ལྟར་མ་ཤེས་རྟོག་མེད་ན།། གང་ཡང་རུང་བའི་མཚན་མའམ།། བློ་རྩེ་གང་འཕྲོར་དམིགས་པ་ལས།། བལྟས་པས་ཤེས་དང་བརྟགས་པས་ཤེས།།




iiif viewer powered by OpenSeadragon

184b - 185b

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud