| | e-texts navigator
|
184a1 དུ་མེད།། འདི་ལ་ཉམས་སུ་བླངས་དང་བྲལ།། འདི་ལ་རྟོག་པས་དགག་ཏུ་མེད།། ཡེ་ཤེས་རང་ཤར་ལྟ་བའི་གད་།། རྩོལ་བ་མེད་པ་སྒོམ་པའི་མཆོག། བཙལ་མ་དགོས་པས་འབྲས་བུ་འདོན།། ཞེས་གསུངས་སོ།། ཀུན་ཧཱ
184a2 བཟང་པོ་རིག་པ་རང་གི་རྩལ་ཤང་བའི་ཆུད་ལས། ཡེ་ཤེས་ཟང་ཐལ་གྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་ངེས།། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་འགྲོ་ལམ་པའི་སེམས་ཅན་རྣམས།
184a3 ལྷུན་གྲུབ་དང་ལ་དབྱེར་མེད་པས།། ཐམས་ཅད་མཁྱེན་པའི་སྦྲུལ་སྐུ་ཡིན།། བྷག་ཕྲང་ཉིད་དུ་ཡི་སངས་རྒྱས།། མ་བཅོས་སུ་གསུང་འཁོར་ལོང་སློང།། ཆོས་རྣམས་ཀུན་བཟང་རོལ་པར་ཤར།། གང་ཡང་མ་ཡིན་ཆོས་ཀྱི་སྐུ།། གཞན་དུ་མི་རྟོག་བཙལ་དུ་མེད།། གཱང
184a4 ཡང་མ་སྤངས་ཀུན་ཏུ་རོལ།། དཔེར་ན་སྐྱེས་བུ་ངོ་ཤེས་དང་།། ཕྲད་པའི་དུས་ན་ཐེ་ཆོས་མེད།། རྣལ་འབྱོར་དྲན་རིག་ཅི་འཐུ་ལ།། ཡེ་ཤེས་ཟང་ཐལ་ཆོས་སྲུང་ཤེས།། གང་ཡང་མ་སྤངས་རང་སར་གྲོལ།། གཞན་དུ་སྐད་ཅིག་ཙམ་ཡང་མེད།། ཐིག་ལེ་དྲུག་ཟད་ཆོས
184a5 ཀྱིསྐུ།། རང་བཞིན་མི་འགྱུར་ཀ་དག་པའི།། སྤང་བྱ་སྡོང་བྱེད་གཉིས་སུ་མེད།། འབྲས་བུ་ཀུན་བཟང་གཏན་ཚིགས་ཡིན།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩ་ལ་ཤར་བའི་རྒྱུད་ལས། ཆོས་ཉིད་ཐུག་ཕྲད་ཀྱི་ལེ་རུ་སྟེ་ལྔ་པའོ།།
184a6 དེ་ནས་བཅོམ་ལྡན་འདས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བདེ་ཆེརན་ལྗང་བུབ་ཙོག་བཞག་ལ།། རྩོལ་མེད་རིག་པ་བས་མེ་དང་བྲལ།། གཟུང་འཛིན་གཉེན་པོ་རང་སར་གཞག
184a7 མཉམ་ཉིད་ཡེ་ཤེས་འབྲས་བུའི་མཆོག། ཙོག་བཞག་ཆེན་པོའི་ངང་དུ་གསལ།། དཔེར་ན་རྒྱ་མཚོ་དང་པ་ལ།། རྡོས་པ་མེད་པར་ལྗང་སྲིད་གསལ།། རྣལ་འབྱོར་དང་རིག་ཅིར་གསལ་བ།། མིང་དང་གདགས་གཞི་གང་ཡང་མེད།། གདགས
iiif viewer powered by OpenSeadragon
183b - 184b