e-texts navigator
Collection
Volume
Page
Wylie

183a1 ཕྱུང་།། བླ་མས་དགོངས་པའི་དབྱིངས་བརྟོལ་བའི།། ཚད་མངག་ལྡན་བླ་མ་ཡིས།། མན་ངག་བདུད་རྩི་བཅུད་དུ་བསྟན།། བསླད་པས་མི་སློང་ཆོས་སུ་ལ།། རྣམ་རྟོག་ཀུན་བརྟགས་ག་ལ་ཡོད།། གསེར་ལ་གཡང་བྱུང་གསེར་ཉིད་བསྒྲིབ།། གཡ་འབྱུང
183a2 གསེར་ལས་འདས་པ་མེད།། ཐིག་ལེས་ཆོས་སྐུ་ཁྱབ་པར་གསལ།། དཔེར་ན་འཁོར་ལོས་སྒྱུར་རྒྱལ་ལ།། མཚན་དཔེ་ཞེན་མེད་རང་ལ་ཚང་།། དམིག་ཕྱེད་རྒྱན་ཆ་རང་ལ་གསལ།། དེ་བཞིན་སེམས་ཅན་སེམས་ཉིད་ལ།། ཐིག་ལེ་ཆེན་པོ་ངོ་སྨོད་ན།། མ་བསླད་ཚེས་སྐུ་དང་གིས།
183a3 གསལ།། ཐིག་ལེ་ཆོས་སྐུ་རང་གསལ་ལ།། མཚན་དཔེ་ཞེན་མེད་རང་ལ་ཚངས།། ངོ་བོ་ཉིད་ནི་དམིགས་སུ་མེད།། གར་ཡང་མ་གཡོས་འགྱུར་བ་མེད།། ཉམས་སུ་བླང་མེད་གཟའ་གཏད་བྲལ།། སྐྱེ་མེད་འགག་མེད་ཤར་ནུབ་མེད།། གང་མཐོང་ཅིང་གས་པ་ཆེས་སྐུར་མཐོང།
183a4 གང་དུའང་མ་བགྲོད་ཀློང་དུ་གནས།། འབྱུང་འཇུག་མེད་ཅིང་གཞག་བྱ་བྲལ།། འདས་དང་མ་འོངས་ད་ལྟ་རུ།། སྣང་ཞེན་མེད་ཅིང་བགྲོད་དུ་མེད།། རང་བྱུང་ཡེ་ཤེས་རང་གསལ་བས།། མི་མཐུན་ཕྱོགས་དང་གཉེན་པོ་མེད།། དཔེར་ན་དམུས་ལོང་མིག་ཕྱེ་བས།། རང་ལུས་གཞན་ནས
183a5 བཙལ་མི་དགོས།། དེ་བཞིན་ཐིག་ལེ་ཆེན་པོ་ཡང་།། མཚན་མ་ཆོས་སྐུར་ངོ་ཤེས་ན།། མི་མཐུན་མེད་པས་གཉེན་པོ་མེད།། ཆོས་སུ་རང་གསལ་གདེང་རྙེད་ན།། བགྲོད་རྩོལ་འབད་པག་ལ་ཡོད།། རྣམ་པར་བལྟ་མེད་ཞེན་འཆིང་མེད།། ཕྱོགས་རྣམས་མེད་ཅིང་ཕྱོགས་དང་བ་ལ།། །
183a6 དཔེར་ན་ནམ་མཁའི་རང་བཞིན་ལྟར།། རང་གི་ངོ་བོ་རང་གསལ་ལྟར།། རང་སྲསལ་ཉིད་ལ་གནས་པ་མེད།། དམིགས་མེད་མཚན་མ་ཅིང་མི་གནས།། སྡང་སྟོང་ཀུན་གསལ་ཡེ་ཤེས་སུ།། ཐིག་ལེ་དང་གསལ་རང་བཞིན་ལ།། སྣང་དང་སྟོང་པ་གཉིས་སུ་མེད།། དངོས
183a7 པོར་སྣང་བ་ཐ་སྙད་རྣམས།། སྣང་ཞེས་ཐ་སྙད་ཅི་བྱུང་ཡང་།། མཚན་མ་དང་གྲོལ་ཐ་སྙད་པྲལ།། རྣམ་རྟོག་ཡེ་ཤེས་དགོངས་པར་ལྡན།། འཁོར་དང་མྱ་ངན་འདས་རྣམས་ཀུན།། གཉིས་ཀ་ཡེ་ཤེས་རང་གསལ་ལ།། དགག་སྲུབ་མེད་ཅིང་ཝང་བླར་མེད།། འབྱུང་འཇུག་མེད




iiif viewer powered by OpenSeadragon

182b - 183b

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud