e-texts navigator
Collection
Volume
Page
Wylie

182b1 དམལ་མི་གནས་ཏེ།། གྱ་འགགསམེད་པར་རྣམ་བརྟགས་ཤིང་།། བའི་དྲང་དྲང་འཇོམས་སེམས་ཅན་ལ།། ཐུགས་རྗེས་གཏཀྲཱ་ནས་འཁོར་ལོ་བསྐོར།། ཐ་སྨད་ལམ་གྱིས་འགྲོབ་འདྲེན།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། སྐུ་གསུང་ཐུགས་ལས་མ་གཡས་པའི།།
182b2 ང་འབྱོར་པོ་རྣམ་གསུམ་པོ།། ནམ་མཁའ་སྟེ་བུ་ཡོ་ནས་བསྐོར།། ཟག་མེད་བདེ་བ་ཡེ་ཤེས་ལྔ།། ལྷུན་གྲུབ་ཆེན་པོ་བསམ་མི་ཁྱབ།། གང་ཞིག་འགྲོ་བའི་སྒྲ་སྐད་རྣམས།། ཟག་མེད་པདི་ཆེན་རིག་པའི་གསུང་།། གང་ཞིག་ཁ་དོག་དབྱིབས་སྣང་བ།། སྐུ་མཆོག་རྒྱན
182b3 འཁོར་ལོ་ཟང་།། སེམས་ཉིད་དབྱེར་མེད་རྡོ་རྗེའི་ཐུགས།། གཉིས་སུ་མེད་པས་ཀུན་ཏུ་བཟང་།། སྐུ་གསུམ་མི་འབྲལ་བདེས་ཆེ།། སེམས་ཉིད་ཡེ་ནས་སངས་རྒྱས་པས།། རྩོལ་བ་མེད་པར་ལྷུན་གྱིས་གྲུབ།། འདོད་དགུ་བསྐུར་བའི་རིན་པོ་ཆེ།། བཀོལ་བ་མེད་ཅིང་དབྱིངས་ན
182b4 སལ།། ཡི་གེ་མེད་ཅིང་ཚིག་ལས་འདས།། རིག་པ་རྩལ་ཞེས་བྱ་བ་ནི།། སྦྲང་སྲིད་འཁོར་འདས་ཆོས་རྣམས་ཀུན།། སེམས་མ་ཡིན་པའི་ཆོས་ཡོད་མིན།། ཆོས་རྣམས་མ་ལུས་ཐམས་ཅད་ཀུན།། རིག་པའི་རྩལ་དུ་རང་ཤར་བས།། དེ་ཉིད་ཆོས་སྐུ་དང་གསལ་ལ།། ཡེངས་དང་མ
182b5 ངས་མཐའ་ལས་གྲོལ།། རིག་པ་དང་གསལ་ཡེ་ཤེས་ལ།། རྟོགས་པ་དེས་མེད་དོན་གྱི་མཆོག། རང་ཤར་རིག་པ་དབྱིངས་ན་གསལ།། རིག་པ་བརྡལ་ཁྱབ་རང་བཞིན་ལ།། དང་བུད་ཡེ་ཤེས་རང་གིས་གསལ།། ཆོས་སྐུ་དང་གསལ་དང་ཉིད་ལ།། ཞེན་འཆིང་མེད་ཅིང
182b6 ལེགས་དང་བྲལ།། རིག་པ་རྩལ་གྱི་རང་བཞིན་ནི།། དཔེར་ན་མཁའ་བ་ཉི་ཤར་བཞིན།། རིག་པ་དངགསལ་ཕྱོགས་དང་བྲལ།། ཕྱོགས་རྣམས་མེད་ཅིང་ཀུན་ལ་ཁྱབ།། སྣ་ཚོགས་རིག་པའི་ཆོས་སྲུར་གསལ།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར
182b7 ད་པས། རིག་པ་རྩལ་གྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་རིག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས། རྡོ་རྗེ་སེམས་དཔའ་པ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་དགོངས་པ་དང་ཤར་དབྱིངས་ན་གསལ།། དོན་དམ་མི་རྟོགས་སྣང་མེད་ལ།། གབ་པའི་དོན་ཆེན་མངོན་དུ




iiif viewer powered by OpenSeadragon

182a - 183a

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud