e-texts navigator
Collection
Volume
Page
Wylie

182a1 དང་ཧཱལ།། རིག་པ་མཐངའ་དྲང་དོར་ཉིད།། འདགས་ལ་ནམ་མཁའ་ང་བཞིན་འདྲ།། གང་ན་མེད་པས་མཉམ་པའི་དང་།། རོལ་བུའི་ཆོ་འཕྲུལ་རྗེ་ཡང་སྟོན།། ཆོ་ཕྲུལ་བསྟན་ཡང་དང་བླུད་བལ།། རེག་པ་སྣམ་ཅུ་ཟླ་འདྲ།། ཀུན་ཏུ་འཆང་བྱུང་།
182a2 གྱིས་གྲུབ།། འདི་ཡིན་འདི་མིན་ཐ་སྙད་བྲལ།། རིག་པ་མ་བསླད་དྲི་མ་བྲལ།། ནམ་མཁའ་ལྟ་བུའི་རིག་པ་ལ།། ནམ་མཁའི་དབྱིངས་ལྟར་བསམ་དང་བྲལ།། བསམ་མེད་རྗེ་བདེ་ནམ་མཁའ་བཞིན།། རང་སྲུང་ཡེ་ཤེས་བསམ་དང་བྲལ།། མ་སྐྱེ་མི་འགག་ཅིར་མི་གནས།། རིག
182a3 བའི་བྲལ་པོ་བལྟ་བ་ཡིན།། བལྟར་མེད་ཡོངས་མེད་བལྟ་བ་ཡིན།། སྡེ་ཀྱི་དུས་ལས་མ་དམིགས་ཏེ།། འཐུང་མེད་སེམས་ཀྱིག། ཡུང་དུང་ལེན།། ཞེ་འདོད་དག་ལས་འགྱུར་མི་སྲིད།། འདོད་པ་མེད་ཅིང་ལེན་པ་དག། ལྡན་བྱབ་བདེ་འབྱམས་ཡངས་དོག་མེད།། རང་གྲོལ་དག་པ་ཆེན་པོ་ལ།།
182a4 འཇོ་འགྱུར་མེད་པས་རྡོ་རྗེ་འདྲ།། རྣམ་རྟོག་རླུང་གིས་བགྱོད་གྱུར་ཀྱང་།། ཡུན་གྲུབ་དང་ལས་གཡོས་པ་མེད།། གཞི་འཛིན་རིག་པ་རྒྱ་མཚོ་བཞིན།། ཕྱི་ནང་གསང་བ་ཀུན་གྱི་དངོས།། མཐའ་དབུམ་མེད་ཅིང་ཕྱོགས་དང་བྲལ།། རང་ཕུང་འགག་མེད་བལྟ་བ་ལ།། ལམ་དང་ལམ་གྱི
182a5 རྩོལ་བ་མེད།། རྡོ་རྗེ་ཉི་ཆེན་འབྲང་བ་སྦྱར།། སྱེ་དོག་འཕྲོ་འགྱུར་ནུབ་མཐའ་མེད།། རིན་ཆེན་གླིང་དང་ཉི་མ་ལྟར།། རང་གསལ་འགག་མེད་རྟོག་དང་བྲལ།། འཁོར་བའི་གནས་ཉིད་ཡེ་སངས་རྒྱས།། རང་སེམས་རིག་པ་གང་སྣང་བ།། བསམ་པ་ཅི། སྤྲུལ་ཡེ
182a6 ཤེས་དང་།། ལྷུན་གྲུབ་གཞི་འཛིན་རིག་པ་ལ།། སེམས་ཅན་ཆོས་ཉིད་གང་ཡང་མེད།། དབུས་དང་མཐའ་ཐལ་དཀྱིལ་དུ་རྫོགས།། རྟག་པ་མ་ཡིན་ཆད་མཐའ་མིན།། མི་རྟག་མ་ཡིན་བདག་མཐའ་མེད།། ཤེས་པ་མི་འགག་འདོད་པ་མིན།། བྱ་བྱེད་མེད་ཅིང་བརྩོལ་སེམས་དག། འགྲོད་མེད་རྩོས
182a7 བྲལ་རིག་པའི་ཀླུང་།། ཕྱོགས་བྲལ་ཕྱོགས་ལ་གནས་པ་མེད།། རང་རིག་ཡུལ་མེད་ཡུལ་དང་བྲལ།། ལེན་མེད་འཛིན་མེད་འདོད་པ་མེད།། རང་བྱུང་འགག་མེད་མི་ལྡན་ན།། ཕྱོགས་འཛིན་མཐའ་ལ་ཞེན་པས་འཁྲུལ།། ཕྱོགས་མེད་རིག་པ་རང་ཤར་འདི།། ཏྲ།།




iiif viewer powered by OpenSeadragon

181b - 182b

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud