e-texts navigator
Collection
Volume
Page
Wylie

181b1 ལམ་གྱི་ཐོགས་ཀྱུ་མེད།། རང་བུང་རང་ཤར་རྣམ་གྲོལ་ལམ།། བཟོད་མེད་རྩོལ་བྲལ་རིག་པའི་ཆུང་།། སྭ་གྱི་མེད་པར་མངོན་མཐར་ཕྱིན།། རེག་པ་རྩལ་གྱི་རང་བཞིན་ནི།། ཡེ་ཤས་ཏེ་མ་མངོན་ཤར་བས།། ཤར་བ་ཉིད་ན་ནུབ་པ་མེད།། ཀུན་བཟང་ཐེག་དྲ།
181b2 ཆེན་པོ་ཉིད།། མ་བཅོས་ལྡན་གྲུབ་གཡོ་བ་མེད།། རྒྱུ་འབྲེས་ཏོག་འཛིན་ཅི་ཡང་མེད།། ཡུལ་མེད་སྒྱུ་མ་ཡུལ་ལ་རོལ།། སེམས་ཉིད་ནམ་མཁའི་ཉི་མ་འདྲ།། རང་ཕྱུང་ལྷན་གྲུབ་གདལ་བ་ཆེ།། གླང་དོར་གཉིས་མེད་འབད་རྩོལ་མེད།། མདོར་ན་རིག
181b3 རྣལ་ཞེས་བྱ།། མཁའ་ལ་ཉི་མ་ཤར་བ་བཞིན།། འདིར་གསལ་འདིར་མི་གསལ་དང་བྲལ།། ཀུན་ལ་ཁྱབ་ཅིང་དབྱེ་བསལ་མེད།། དེ་བཞིན་ལུང་དང་མན་ངག་དང་།། རིག་པ་དག་གི་རྩལ་དག་གིས།། སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན།། སེམས
181b4 ཉིད་ཡིན་པར་ཐག་ཚོད་ན།། བྱང་སེམས་བདེ་བ་ཀུན་ལ་བརྡལ།། བྱང་ཆུབ་སེམས་ཀྱིས་བལྟ་རྫག་ཆེད།། སེམས་ཉིད་ཉི་ཟེར་སྤྲོ་ཞིང་བཛྲ།། རིག་པ་ཅལ་གྱི་རང་བཞིན་ནི།། གང་ཡང་ཡིན་ནོ་ནོར་ཡང་འཆར།། དེ་ཡང་བྱང་སེམས་བདེ་བའི་ཀློང་།། ཆོས
181b5 རང་གསལ་དང་ལ་བཞག། བསམ་དང་བྲལ་བའི་ཡེ་ཤེས་མཐོང་།། རང་བྱུང་རང་གསལ་རྫོགས་པའི་དོན།། མཐའ་དབུས་བྲལ་བས་ཡེ་སངས་རྒྱས།། གྱི་ན་རྩོལ་བྲལ་དབུ་མའི་ལམ།། ཞེན་ཅིང་བྲལ་བས་གཟའ་གཏད་མོད།། ཕྱོགས་མང་ལྷན་འབྱམས
181b6 ཀུན་བཟང་འདིས།། འཁོར་འདས་རང་ལུགས་གཞི་བྱས་ནས།། རང་བྱུང་གཉིས་མེད་བདེ་དོན་རྟོགས།། རང་རིག་རང་གསལ་བླང་དོར་བྲལ།། རྣམ་དག་ལམ་ཆེན་དགོངས་པའི་ཕུགས།། ཁྱུད་ཆེན་དར་ས་མཁར་ལྡིང་བཞིན།། སྤྲོང་མེད་བསྡུར་མེད་རང་སར
181b7 གྲོལ།། རྩོལ་བསྒྲུབ་མེད་ཅིང་གཡང་སབྲལ།། གཡངས་ཉིད་ཀྱང་སེམས་བླ་ཤེས།། འཁོར་བ་ཉིད་ཀྱང་ཡེ་ཤེས་ལ།། ཡེ་ནས་འཁོར་འདས་གཉིས་སུ་མེད།། སྤྱན་གྲུབ་ཉིད་ལས་གཞན་དུ་མེད།། རང་རིག་ཟིར་ཡང་མ་ཐུག་པས།། དེན་རློབས་མ་འདོད་ཀུན




iiif viewer powered by OpenSeadragon

181a - 182a

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud