| | e-texts navigator
|
181a1 སྣང་དབྱེར་མེད་ཅིག་ཚངས།། དེ་ལས་རྩོལ་མར་འབྲས་བུའི་མཆོག། རིག་པའི་རྩལ་ཤང་རྣལ་འགྱོར་པས།། ཤེས་པ་ཆོས་སྒྲ་རང་གསལ་ལ།། མ་ཡངས་ཆོག་བཞས་ཉིད་དུ་བཞག། ཅེས་གསུངས་སོ།། ཀུན་ཏུ་བཟང
181a2 པོ་རིག་པ་རང་གི་རྩལ་ཤར་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རིག་པའི་རྒྱལ་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསུངས་སོ།། འཁོར་བའི་སྡུག་བསྔལ་ཅི་ཤྭར་དང་།། མྱ་ངན་འདས་པའི་བདེ་བ
181a3 ཉིད།། རིག་པའི་ཡེ་ཤེས་རྩལ་དུ་རྫོགས།། རྣམ་རྟོག་ཅི་སྐྱེ་རིག་པའི་རྩལ།། རང་བྱུང་ཡེ་ཤེས་འགག་མེད་ལ།། རྟོག་དང་རིག་པ་ཐ་དད་མེད།། ལྷུན་གྲུབ་ཕྱོགས་མེད་རིག་པའི་རྩ་བ།། ཀུན་སྤངས་ཀུན་གྱི་དངོས་གཞིར་ཤར།། གཟུང་འཛིན།།
181a4 ཕྲ་རགས་རྟོགས་པ་རྣམས།། རོལ་པ་ཆེན་པོའི་ཆོ་འཕྲུལ་ཡིན།། ཡང་དགྲ་དོན་ལ་བརྗོད་དུ་མེད།། མ་བཅོས་གོ་རྟོགས་མེ་སྐྱེ་བས།། བརྗོད་མེད་བརྗོད་ཀྱི་ཚིག་གིས་མཚོན།། ཀུན་བཟང་ལྷན་གྲུབ་གདལ་བ་ལ།། འཁོར་དང་མྱང་འདས་རྣམ
181a5 པར་དག། ཚིག་དང་ཚིག་དོན་བརྗོད་བྱ་བྲལ།། བྱ་བ་ཙལ་བྲལ་ཞིང་གཉེན་པོ་མེད།། ཤེས་པ་དང་གསལ་དང་ལ་ཞོག། བྱ་བ་བཏང་བའི་སྐྱེས་བུའམ།། རྒྱ་མཚོར་སྣང་བའི་རྫས་ལྟ་བུ།། བྱེད་སྤྱོད་མེད་པར་རང་བཞིན་གསལ།། གཟུང་འཛིན
181a6 ཆུ་འབྲས་གང་ཡང་མེད།། དེ་ལྟ་ཉིད་ཀྱིས་འབྲས་བུ་ཐོབ།། དྲང་དོན་རྩོལ་སེམས་ཁར་མ་ལུས།། རྣམ་རྟོག་ཀུན་བརྟགས་མཚན་མ་རྣམས།། རང་བྱུང་རང་གསལ་ཉིད་ཀྱི་དང་།། ཆོས་ཉིད་ལྷུན་གྲུབ་འགག། མེད་ལས།། ཆོས་རྣམས་རང་བཞིན
181a7 ཉིད་དུ་གནས།། དཔེར་ན་རིན་ཆེན་གསེར་གླིང་ན།། ས་རྡོ་མི་གནས་གསེར་དུ་སྣང་།། སེམས་ཉིད་རང་ཐུང་ལེ་ཤེས་ལ།། ཅིར་སྣང་ཅི་སྲིད་བདེ་ཆེན་འབར།། དཔེར་ན་སྐས་ཀྱི་གདང་བུ་ལྟར།། རིམ་པར་བགྲང་མེད་སེམས་ཉིད་ལ།། འ
iiif viewer powered by OpenSeadragon
180b - 181b